༢༠༡༧ ཟླ་ ༥ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༧ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤།༣༠ ཐོག་ལྷ་མོ་གཡུ་སྒྲོན་མའི་སྐུ་རྟེན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་དཔལ་ལྡན་བཀའ་ཤག་ནས་ཐུགས་ཕམ་དང་སྦྲགས། དམ་པ་དེ་ཉིད་ཀྱི་ཆེད་དེ་རིང་ཕྱི་ཚེས་ ༡༩ ཉིན་རྒྱབ་ཆུ་ཚོད་ ༤ ནས་ ༥ བར་བཞུགས་སྒར་དུ་གནས་འཁོད་སྲི་ཞུའི་ལས་བྱེད་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་གཅིག་བཅས་ཚང་འཛོམས་ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་སྨོན་ལམ་གསུང་འདོན་གནང་བ་དང་།
སྐབས་དེར་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་སྒྲོག་སྦྱང་གནང་། སྨོན་ལམ་གསུང་འདོན་ཡོངས་སུ་ལེགས་གྲུབ་རྗེས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་སླད་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་བཅས།
སྤྱིར་དམ་པ་ཁོང་ནི། ཕྱི་ལོ་ ༡༩༣༣ ལོར་བོད་ལྷོ་ཁར་སྐུ་འཁྲུངས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་ཨོ་