༢༠༡༧ ཟླ་ ༥ ཚེས་ ༢ རེས་གཟའ་མིག་དམར།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་འབྱོར་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣ ནས་ ༦ བར་བོད་མིའི་གཞིས་ཁག་ཀུ་ལུ་མ་ན་ལི་དང་བཀྲ་ཤིས་ལྗོངས་བཅས་སུ་འཚམས་གཟིགས་ཕེབས་གཏན་འཁེལ་བ་བཞིན། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༥ བར་ཀུ་ལུ་མ་ནི་ལིའི་ཁྱབ་ཁོངས་ས་གནས་གཞིས་ཁག་ལ་འཚམས་གཟིགས་དང་མང་ཚོགས་ལ་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཀུ་ལུ་མ་ན་ལི་ནས་ཕེབས་ཐོན་གྱིས་བཀྲ་ཤིས་ལྗོངས་སུ་ཕེབས་འབྱོར་གནང་རྒྱུ་དང་ཁུལ་དེར་མི་མང་ལ་གསུང་བཤད་དང་གཟིགས་སྐོར་གནང་རྒྱུ་ཡིན་འདུག་པ་བཅས།།