ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །ཉེ་ལམ་ཤྲི་ལངྐའི་ནང་ཆར་ཞོད་ཧ་ཅང་ཆེན་པོ་བྱུང་ནས་ཆུ་ལོག་དང་རི་ཉིལ་ས་རུད་ཀྱི་དོན་རྐྱེན་འོག་མི་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། སྡོད་ཁང་དང་ས་ཞིང་སོགས་མི་རྒྱུ་གཉིས་ལ་གོད་ཆགས་ཚབས་ཆེ་ཕོག་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༠ ཉིན་ཡུལ་དེའི་སྲིད་བློན་ Ranil Wickremesinghe མཆོག་ལ་སེམས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། མགོན་པོ་གང་ཉིད་མཆོག་གིས་ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་རྣམས་ལ་བློ་ཕམ་ཆེན་པོ་མཛད་བཞིན་པ་དང་། ལྷག་པར་ཚེ་སྲོག་ཤོར་བ་རྣམས་ལ་ཐུགས་སྨོན་མཛད་པ་མ་ཟད། རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེའི་ཐུགས་གསོ་མཛད་པ་དང་སྦྲགས། ཤྲི་ལངྐའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་ངོས་ཀྱིས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་བརྒྱུད་ནས་ངལ་སེལ་རོགས་སྐྱོབ་ཀྱི་ཞལ་འདེབས་ཕྲན་བུ་འབུལ་རྒྱུ་ཡིན། ཞེས་འཁོད་འདུག །
༼ མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ། ༽