༢༠༡༧ ཟླ་ ༥ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ ༥ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཆུ་ཚོ
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་འདུའི་འགྲོ་ལུགས་དང་། སྤྱི་འཐུས་འདེམ་ཕྱོགས། སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ནང་གྲོས་ཆོད་འཇོག་སྟངས་སོགས་ཀྱི་སྐོར་དང་། གཞན་ཡང་བོད་དོན་རྒྱབ་སྐྱོར་ཚོགས་པ་བྱུང་སྟངས་སོགས་ཀྱི་སྐོར་གསུངས་གྲུབ་མཚམས་ཚོགས་མི་རྣམ་པའི་དྲི་བར་ལན་འདེབས་གནང་བ་དང་།
ཁོང་རྣམས་ལ་མུ་མཐུད་བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་ལས་དོན་གང་ཅིར་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུས་པ་དང་སྦྲགས་ཁོང་རྣམས་ལ་འཚམས་འདྲིའི་ཕྱག་རྟགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོ་སྤྲོད་དཔེ་དེབ་ཁག་གཅིག་འབུལ་གནང་། དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་དང་སྐུ་མགྲོན་རྣམ་པ་གྲོས་ཚོགས་སུ་གཟིགས་སྐོར་ལ་ཕེབས་པ་བཅས་ཀྱི་གནས་ཚུལ་དུ།།