༢༠༡༧ ཟླ་ ༥ ཚེས་ ༢༡ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢ ཉིན་བོད་མདོ་སྨད་བསང་ཆུ་རྫོང་འབོ་ར་ས་གནས་སུ་རང་ལོ་ ༡༦ སོན་པ་ཕྱག་རྡོར་སྐྱབས་ལགས་ཀྱིས་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་འདོན་བཞིན་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་བ་མ་ཟད།
ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༨ ཉིན་གྱི་དགོང་མོ་༼ཕྱི་ཚེས་ ༡༩ ཞོགས་པ་ཡང་བྲིས་པ་འདུག༽བོད་མདོ་
བོད་མི་གཞོན་སྐྱེས་ཁྲོད་རང་སྲེག་ལས་འགུལ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་པ་དེས་ང་ཚོར་སེམས་འཚབ་ཧ་ཅང་ཡོང་བཞིན་འདུག གནས་སྟངས་འདིས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་མི་རྣམས་རང་ཡུལ་དུ་བཟོད་ཐབས་བྲལ་བའི་གནས་སྟངས་འོག་མི་ཚེ་སྐྱེལ་བཞིན་ཡོད་པ་གསལ་བཏོན་བྱེད་བཞིན་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ད་ཆ་བོད་མི་རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་ལྟར། བོད་ལ་རང་དབང་སྤྲོད་དགོས་པ་དང་། ༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས། བོད་མིར་འཕྲད་བཞིན་པའི་དཀའ་ངལ་དེ་དག་སེལ་སླད་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་སྐྱར་གསོ་ཞུས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་དགོས་པའི་དུས་ལ་བབ་ཡོད། ཅེས་གསུངས།།