ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༡ རེས་གཟའ་ལྷག་པ།
གསལ་བསྒྲགས།
༄༅། །མངའ་གསལ་བཞིན་འདས་ལོ་ ༢༠༡༦ ཟླ་ ༨ ནང་རྒྱ་གར་གྱི་གྲོས་ཚོགས་གོང་འོག་གཉིས་སུ་ཁྲིམས་འཆར་གྲོས་ཆོད་བྱུང་དོན་བཞིན་མང་མོས་ཀྱི་ཐོག་ནས་ GST Act འམ་དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་གྱི་ཁྲིམས་གཞི་གཏན་འབེབས་ལྟར་ཕྱི་ཟླ་ ༩ ནང་རྒྱ་གར་སྲིད་འཛིན་གྱི་ཆོག་མཆན་ཐོབ་པས་འདི་ལོ་སྟེ་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡ ཉིན་ནས་བཟུང་ལག་བསྟར་བྱ་འཆར་ཡོད་འདུག་ལགས་ན། འདི་ག་ནང་སྲིད་ལས་ཁུངས་ནས་དཔྱ་ཁྲལ་བསྐྱར་བཅོས་ཀྱི་ཁྲིམས་གཞི་དེ་ནི་གལ་ཆེར་ངོས་འཛིན་གྱིས་དཔྱ་ཁྲལ་གྱི་ལམ་སྲོལ་གསར་པ་དེའི་སྐོར་གྱི་གནས་དོན་འགའ་ཞིག་མཁོ་བསྡུ་ཞུས་ཏེ་བོད་ཡིག་ཐོག་ཕབ་སྒྱུར་གྱིས་ PDF ནང་ཨིན་བོད་གཉིས་ཀའི་ངོ་བཤུས་འགྲེམས་གཏོང་ཞུས་ཡོད་པས། དེའི་ངོ་བཤུས་གང་མང་ལས་ཁུངས་སོ་སོའི་ལས་བྱེད་དང་ཁྱབ་ཁོངས་གཞིས་མི་མང་ཚོགས། དེ་བཞིན་ཚོགས་སྡེ་ཁག་བཅས་ཀྱི་མཁྱེན་རྟོགས་ཆེད་འགྲེམས་སྤེལ་གང་མང་གནང་སྐྱོང་ཡོང་བ་ཞུ། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༡ ལ།
ཕུལ།།
དངོས་ཟོག་དང་ཞབས་ཞུའི་དཔྱ་ཁྲལ་གྱི་ཁྲིམས་གཞི་གཟིགས་སླད་འདིར་གནོན།