ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་རཱཇ་པུར་རྒན་གསོ་ཁང་དུ་གཟིགས་སྐོར་ཕེབས་ཏེ་རྒན་འཁོགས་རེ་རེ་བཞིན་ཐུགས་འཕྲད་ཀྱིས་དོ་བདག་གི་འཕྲོད་བསྟེན་དང་རྒན་གསོ་ཁང་གི་མཐུན་རྐྱེན་སོགས་ཀྱི་སྐོར་བཀའ་འདྲི་གནང་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་མི་རབས་རྒན་པ་ཚོས་དཀའ་ངལ་འཛེམས་མེད་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྨང་གཞི་ཧྲ་ཏག་ཏག་ཞིག་བཙུགས་གནང་བར་བཀའ་དྲིན་རྗེས་དྲན་ཞུས་གནང་འདུག
དེ་རྗེ་རཱཇ་པུར་བེུད་ལག་ཤེས་བཟོ་གྲྭར་གཟིགས་སྐོར་དང་བཟོ་གྲྭའི་འཛིན་སྐྱོང་ཚོགས་མི་ཚོ་དང་མཇལ་མོལ་གནང་ཡོད།
དེ་ནས་རཱཇ་པུར་མ་སུ་རི་བོད་ཁྱིམ་ཡན་ལག་སློབ་གྲྭར་དགེ་ལས་སློབ་ཕྲུག་ཚོར་བོད་ཀྱི་རྩ་དོན་དེ་བཞིན་སོན་པོ་གནས་ཐབས་སུ་ཤེས་ཡོན་གྱི་གལ་གནད་དང་། ཆོས། རིག་གཞུང་། སྐད་ཡིག་སོགས་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དགོས་པའི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་དང་བཀའ་ཤག་གི་བེུད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་སོགས་ངོ་སྤྲོད་གནང་བ་དང་། སློབ་ཕྲུག་ཚོས་ཉིན་རེར་ཉུང་མཐར་ཆུ་ཚོད་བཅུ་སློབ་སྦྱོང་བྱེད་དགོས་པ་གསུང་འདུག
དེ་ནས་སྲིད་སྐྱོང་མཆོག་ཞི་བདེ་གླིང་ཅེས་པའི་ས་གནས་ཀྱི་ནད་གསོ་ཁང་དུ་ཕེབས་ནས། ཉལ་ཐག་དང་ཆང་རག་སོགས་ཀྱི་ངན་གོམས་ལས་གྲོལ་ཐབས་བྱེད་བཞིན་པའི་གཞོན་སྐྱེས་ཚོ་དང་ཐུགས་འཕྲད་གནང་ཏེ། བཀའ་ཤག་ངོས་ནས་ཁོང་ཚོར་ངན་གོམས་ལས་ཐར་ཐབས་དང་མི་ཚེའི་ལམ་བཟང་ཐོག་བསྐྱོད་རྒྱུར་ལམ་སྟོན་གནང་རྒྱུ་ཡིན་པ་གསུང་པ་དང་། ཁོང་ཚོར་ཧིན་སྒོར་ཁྲི་རེ་ལག་དངུལ་གནང་ཡོད།།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་རཱཇ་པུར་རྒས་གསོ་ཁང་དང་། ལག་ཤེས་བཟོ་གྲྭ་སོགས་སུ་གཟིགས་སྐོར་ཕེབས་པ།
གསར་གནས།

འབྲེལ་གནས།
