༢༠༡༧ ཟླ་ ༤ ཚེས་ ༧ རེས་གཟའ་པ་སངས།
༄༅། །སློབ་ཡོན་འདིའི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་རང་རིགས་ན་གཞོན་གང་མང་གཞུང་འཛིན་སྲིད་བྱུས་ཐོག་སློབ་སྦྱོང་གོང་མཐོར་གཏོང་ཐབས་དང་། དེ་ལ་བརྟེན་ནས་བོད་མིའི་སྤྱི་ཚོགས་ནང་འགོ་ཁྲིད་དང་མི་ཆའི་ནུས་ཤུགས་གོང་འཕེལ་གཏོང་རྒྱུ་བཅས་ལ་དམིགས་ཏེ་དམིགས་བསལ་སློབ་ཡོན་གྲངས་ ༡༠ ཡི་གསལ་བསྒྲགས་སུ།
༡། པུ་ནེ་ཨེམ་ཨའི་ཊི་མཐོ་སློབ་ནང་གཙུག་ལག་རབ་འབྱམས་པའི་སློབ་ཡོན།
ཀ མཐོ་སློབ་དྲ་རྒྱ། www.mitsog.org
ཁ། དུས་ཡུན། ལོ་གཅིག
ག ས་མིག ༥
ང་། མཐོ་སློབ་འགོ་འཛུགས། ༢༠༡༧།༨།༡
ཅ། ལག་ཁྱེར། Master Program in Government (MPG)
ཆ། འགྲོ་གྲོན། སྒོར་ ༣༧༥་༠༠༠།༠༠ ༼ཁང་གླ་དང་ཟས་དོད་ཚུད་ཡོད།༽
༢། ཇིན་ཌལ་གཙུག་ལག་རབ་འབྱམས་པའི་སློབ་ཡོན།
ཀ མཐོ་སློབ་དྲ་རྒྱ། www.jsgp.edu.in
ཁ། དུས་ཡུན། ལོ་གཉིས།
ག ས་མིག ༥
ང་། མཐོ་སློབ་འགོ་འཛུགས། ༢༠༡༧།༨།༡
ཅ། ལག་ཁྱེར། Master in Public Policy(MPP)
ཆ། འགྲོ་གྲོན། སྒོར་ ༤༨༥་༠༠༠།༠༠ ༼ཁང་གླ་དང་ཟས་དོད་ཚུད་ཡོད།༽
སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ།
༡། དོ་བདག་སོ་སོའི་མིང་དང་ལོ་རྒྱུས་མདོར་བསྡུས་ཤིག་འབུལ་གནང་དགོས་རྒྱུ།
༢། མཐོ་སློབ་ཚད་ལྡན་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་པ་དགོས།
༣། དོ་བདག་དང་ཕ་མ་གཉིས་ཀྱི་དྭང་བླངས་དཔྱ་དངུལ་ ༢༠༡༦།༡༢།༣༡ བར་གཙང་ཕུལ་ཟིན་པ་དགོས། ཕ་མ་བོད་ནང་ཡོད་པའམ། ཡ་
བྲལ། འདས་གྲོངས། ཡང་ན་ཕ་མ་གཅིག་བོད་པ་མ་ཡིན་པ་ཡིན་ཚེ་འབྲེལ་ཡོད་ས་གནས་འགོ་འཛིན་ནས་ངོས་སྦྱོར་ཞུ་འབུལ་དགོས།
༤། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས་འབུལ་དགོས། གལ་ཏེ་དུས་འགྱངས་སླད་འབྲེལ་ཡོད་ལས་ཁུངས་སུ་ཕུལ་ཡོད་ཚེ་ལས་ཁུངས་དེའི་བྱུང་འཛིན་ངོ་བཤུས་སམ། ས་གནས་འགོ་འཛིན་ནས་ངོས་སྦྱོར་གང་རུང་
འབུལ་དགོས། བལ་ཡུལ་དང་འབྲུག་ཁུལ་ནས་འཚང་སྙན་འབུལ་མི་དང་། ཀ་རྡོར་སྒང་གསུམ། རྒྱ་གར་བྱང་ཤར་མཐའ་མཚམས་ས་ཁུལ་ཁག་ཅིག་ཏུ་ཡོད་པའི་བོད་རིགས་འཁྲུལ་མེད་ཡིན་པ་གང་ཞིག་ལ་སྐྱབས་བཅོལ་ལག་དེབ་མེད་པའི་སྡེ་ཁག་ཅིག་ལ་དམིགས་བསལ་གཏོང་རྒྱུ་ཡིན་པའི་བོད་མི་སྐྱབས་བཅོལ་བའི་སྒྲིག་ཁོངས་ཡིན་པ་འབྲེལ་ཡོད་ས་གནས་འགོ་འཛིན་ནས་ངོས་སྦྱོར་འབུལ་དགོས།
༥། བོད་མིའི་སྒྲིག་འཛུགས་ཁོངས་ཀྱི་ལས་བྱེད་ཡིན་པ་རྣམས་ནས་ཀྱང་སློབ་ཡོན་འདིའི་ཁོངས་འཛུལ་ཞུགས་ཆོག་ཅིང་། དོ་བདག་ནས་ཞབས་ལོ་ཧྲིལ་པོ་ལྔ་ལོན་པ་དགོས་རྒྱུ།
༦། སློབ་ཡོན་འདིའི་ཁོངས་མི་འགྲོ་འཚུད་པ་གང་ཞིག་སློབ་མཚམས་བཞག་ཚེ་སློབ་ཡོན་འགྲོ་གྲོན་ཕྱིར་སློག་དགོས་རྒྱུ།
༧། སློབ་ཡོན་གྱི་དམིགས་ཡུལ་གཞི་བཞག་སློབ་སྦྱོང་མཇུག་སྒྲིལ་ཟིན་མཚམས་བོད་མིའི་སྒྲིག་འཛུགས་སམ་སྤྱི་ཚོགས་ནང་ཉུང་མཐར་ལོ་
གསུམ་ཞབས་འདེགས་ཞུ་དགོས།
༨། གོང་གསལ་སློབ་སྦྱོང་གི་གོ་སྐབས་ཞུ་ལེན་བྱ་བློ་ཡོད་རིགས་ནས་གོང་འཁོད་མཐོ་སློབ་གཉིས་ནས་གང་རུང་གཅིག་བདམས་ཏེ་
༢༠༡༧།༥།༢༧ འགྱངས་མེད་གཤམ་འཁོད་ཤེས་རིག་ལས་ཁུངས་ཁ་བྱང་ཐོག་འཚང་སྙན་དང་དགོས་མཁོའི་ཡིག་ཆ་ཁག་མཉམ་འབུལ་
དགོས་རྒྱུ་དང་། ཤེས་རིག་སློབ་ཡོན་ཚོགས་ཆུང་ནས་སློབ་མ་འདེམས་སྒྲུག་ཞུས་རྗེས་མཐོ་སློབ་སོ་སོ་ནས་ཁ་པར་ཐོག་ངག་རྒྱུགས་ཀྱི་ལམ་ནས་མཐའ་མའི་འདེམས་སྒྲུག་གནང་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༧ ལ།
Address:
Secretary (TPS 2017)
Department of Education CTA
Gangchen Kyishong
P.O. Dharamsala – 176 215
District – Kangra, Himachal Pradesh
For inquiry, please contact:
Ngawang Yonten or Tsering Choezom
Email: [email protected] & [email protected]
Phone: +91-1892 -222572, 222721
Web: www.sherig.org/en/
FB: www.facebook.com/doe.lobyon/