༢༠༡༧ ཟླ་ ༤་ཚེས་ ༢༧ རེས་གཟའ་ཕུར་བུ།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར། སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༩ རེས་གཟའ་མིག་དམར་ནས་ཟླ་ ༩ ཚེས་ ༢༨ རེས་གཟའ་ཕུར་བུ་བར་ལས་དུས་ཉིན་གྲངས་དགུའི་རིང་བཞུགས་སྒར་སྤྱི་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཚུགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་ཐོག་སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༨ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་ཐོ་འགོད་འབུལ་གནང་དགོས་བཅས་ཀྱི་ཚོགས་བརྡ་གསལ་བསྒྲགས་སུ། ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༤་ཚེས་ ༢༧ ལ་ཕུལ།།