༢༠༡༧ ཟླ་ ༤ ཚེས་ ༡༤ རེས་གཟའ་པ་སངས།
༄༅། །འདི་གར་བྱང་ཨ་རིའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། དེ་ཡང་ཨ་མེ་རི་ཀར་རྟེན་གཞི་བྱས ་པའི་རྒྱ་ནག་གི་འཐབ་བྱུས་དབྱེ་ཞི བ་ China Strategic Analysis ཅེས་པའི་རྒྱ་ཡིག་དུས་དེབ་ཁང་ནས་ རེ་འདུན་གནང་བ་བཞིན། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང ་མཆོག་གིས། ཟླ་བ་སྔོན་མར་གྲོང་ཁྱེ ར་ནིའུ་ཡོག་ནང་ཡོད་པའི་བོད་ཀྱི་ ཐེབས་རྩའི་ཚོགས་ཁང་དུ་དུས་དེབ་ཁ ང་གི་འགན་འཛིན་སྐུ་ཞབས་ལི་ཝེ་ཏུ ང་ Li Weidong གི་དམིགས་བསལ་བཅར་འདྲི་དང་ལེན་ག ནང་ཡོད།
དུས་དེབ་ཁང་གི་འགན་འཛིན་སྐུ་ ཞབས་ལི་ཝེ་ཏུང་གིས། འདོན་ཐེངས་འདིའི་དུས་དེབ་ནང་ གནད་དོན་གང་དང་ཅི་ཞིག་ཡོད་མེད་ སྔོན་བརྡ་གནང་འདུག་པར་གཞིགས་ན། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་དང་ལྷན་དུ་གླེང་མོལ། དབུ་མའི་ལམ་ནི་བོད་ཀྱི་གནད་དོན ་ཐག་གཅོད་བྱེད་པའི་ཐབས་ལམ་ཡག་ཤོ ས་ཡིན། ཞེས་པའི་འགོ་བརྗོད་འོག་རྒྱ་ཡིག་ ཡིག་འབྲུ་ཆིག་ཁྲི་ཉིས་སྟོང་ཙམ་ཡོ ད་པའི་བཅར་འདྲིའི་ནང་དོན་ཞིབ་བཀོ ད་བྱས་འདུག
སྐུ་ཚབ་དོན་གཅོད་མཆོག་ནས་དུས་ཡུ ན་ཆུ་ཚོད་གཉིས་ཙམ་གྱི་བཅར་འདྲི ་དང་ལེན་གནང་ནས་དུས་དེབ་ཁང་གིས་ བཏོན་པའི་དྲི་བ་སྣ་ཚོགས་ལ་ལན་ འདེབས་གནང་། སྐབས་དེར་དབུ་མའི་ལམ་གྱི་ངོ་བོ་དང་། བྱུང་རབས། གྲུབ་འབྲས་ཀྱི་སྐོར་དང་། བོད་ཀྱི་ལོ་རྒྱུས་གནད་དོན། དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས ་བོད་རྒྱ་མི་རིགས་གཉིས་ལ་དགེ་མཚ ན་ཇི་ཡོད། སྲིད་བྱུས་ཀྱི་ནང་དོན་སྙིང་བསྡུས། སྲིད་བྱུས་དེར་དོན་ཕན་ལྡན་པའི་ གྲུབ་འབྲས་ཐོན་མེད་ཀྱང་། དེ་མིན་པའི་གྲུབ་འབྲས་མང་པོ་ཐོ ན་ཡོད་པའི་སྐོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ ག་གི་སྐུའི་ཡང་སྲིད་ཀྱི་གནད་དོན ། བོད་རྒྱ་ཞི་མོལ་གྱི་ད་ལྟའི་གནས ་བབ། བོད་པའི་ཆོས་དང་རིག་གཞུང་གིས་ རྒྱ་མི་རིགས་ལ་ཕན་ཐོགས། ད་ལྟའི ་བོད་ནང་གི་གནས་སྟངས། ཨ་རིའི་སྲིད་གཞུང་གསར་པས་བོད་ཐོག་འཛི ན་པའི་སྲིད་བྱུས། མ་འོངས་བོད་དོན་འཕེལ་ཕྱོགས། སོགས ་ཀྱི་སྐོར་ལ་ལན་འདེབས་ཁ་གསལ་གནང་ཡོད།
《རྒྱ་ནག་གི་འཐབ་བྱུས་དབྱེ་ཞིབ།》 ཅེས་པའི་དུས་དེབ་འདི་ནི། དེ་སྔ་རྒྱ་ནག་ནས་ཡིན་པ་དང་། དེང་སྐབས་ཨ་རིར་ཞིབ་འཇུག་གནང་ན ས་ཞུགས་པའི་རྒྱ་རིགས་ཤེས་ཡོན་ཅན ་ཁག་ཅིག་ནས་རྩོམ་སྒྲིག་གནང་བའི་ ཟླ་གསུམ་དུས་དེབ་ཡིན་ཞིང་། དུས་དེབ་དེ་ནི་ཕྱི་ལོ་ ༢༠༡༦ ལོར་ཨ་མེ་རི་ཀའི་གྲོང་ཁྱེར་ནིའུ ་ཡོག་ནང་འདོན་སྤེལ་གནང་འགོ་ཚུགས ་པ་ཞིག་རེད།