ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༠ ཉིན་རྒྱ་གར་སྲིད་བློན་ཟུར་པ་སྐུ་ཞབས་མོ་རར་ཇི་དྷི་སའི་ Morarji Desai མཆོག་དྲན་རྟེན་ཉིན་མོའི་ཐོག་རྒྱ་གར་མངའ་སྡེ་སྦི་ཧར་ནང་གི་ས་གནས་མུ་ཛ་ཧྤར་པུར་ Muzaffarpur ནང་ཡོད་པའི་མཐོ་སློབ་ཅིག་གི་ནང་གསུང་བཤད་གནང་རྒྱུར་གདན་ཞུས་ལྟར། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༠ ཉིན་ལན་གྟ་སིངྒ་མཐོ་སློབ་ Langat Singh College ཏུ་བོད་དང་བོད་མིའི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་དང་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་རྒྱུ་བཅས་ཀྱི་གནས་ཚུལ་དུ།།