༢༠༡༧ ཟླ་ ༣ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས ༢༥ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་དང་། དེང་དུས་དང་སྲོལ་རྒྱུན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས། ཤེས་ལྷན་བོད་སྒྱུར་དང་སློབ་ཚན་གཞན་གྱི་ཚན་པའི་འགན་འཛིན་བསོད་ནམས་བཟང་པོ་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་དགེ་འདུན་དོན་ཡོད་ལགས་དང་བཀྲ་ཤིས་རྡོ་རྗེ་ལགས། རྡ་སྟེང་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་མིང་ཆུང་ལགས། མ་སུ་རི་བོད་ཁྱིམ་གྱི་བོད་ཡིག་རྒྱུས་སྟོན་པ་བཟང་པོ་ལགས། སམ་བྷོ་ཊའི་བོད་ཡིག་རྒྱུས་སྟོན་པ་བསམ་གྲུབ་ལགས་བཅས་ཚོགས་འཛོམས་ཀྱིས་ཤེས་རིག་ཚོགས་ཆེན་བཞི་པ་ནས་དྲུག་པ་བར་དང་། སྔ་ལོའི་བོད་ཡིག་རྒྱུས་སྟོན་པའི་གྲོས་ཆོད་ཁག་ལག་བསྟར་ཇི་བྱུང་བསྐྱར་ཞིབ་དང་འབྲེལ། ཤེས་རིག་ལས་ཁུངས་དང་སློབ་སྡེ་ཁག་ནས་མཇུག་སྐྱོང་གནང་དགོས་རིགས་ཐོག་གོ་བསྡུར་གནང་སྟེ། འདི་ལོའི་སློབ་དུས་གསར་པ་ནས་མཇུག་སྣོན་གནང་རྒྱུའི་གྲོས་འཆམ་བྱུང་ཡོད་པ་རེད། །