ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ རེས་གཟའ་པ་སངས།
༄༅། །ཉེ་ལམ་སུ་ཝེ་ཌེན་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་མཁན་གྲོས་ཚོགས་འཐུས་མི་རྣམ་པར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐུགས་རྗེ་ཆེ་ཞུས་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ ཉིན་ཚོགས་གཙོ་མཆོག་གིས་ཕུལ་བའི་འཕྲིན་ཡིག་ནང་འཁོད་དོན། ཁྱེད་རྣམ་པས་མཉམ་རུབ་ཐོག་སུ་ཝེ་ཌེན་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས། གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ཞེས་ཞུ་རྒྱུ་ཡིན།
ཁྱེད་རྣམ་པས་བོད་དོན་ཐོག་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གནང་བ་འདིས་ང་ཚོར་སེམས་འགུལ་ཧ་ཅང་ཐེབས་བྱུང་བ་མ་ཟད། བཀའ་དྲིན་ཧ་ཅང་ཚོར་ཐུབ་པ་བྱུང་། ཞེས་དང་།
མཐར་ཚོགས་གཙོ་མཆོག་གིས་སུ་ཝེ་ཌན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་པའི་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བ་དང་སུ་ཝེ་ཌན་དང་བོད་མི་རིགས་གཉིས་དབར་མཛའ་བརྩེའི་འབྲེལ་ལམ་ཡུན་གནས་ཐུབ་པའི་སྨོན་འདུན་ཞུས་འདུག་པ་བཅས།།
༼མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་པ་ཞུ།༽