༢༠༡༧ ཟླ་ ༣ ཚེས་ ༩ རེས་གཟའ་ཕུར་བུ།
༄༅། །དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་གཏན་སློབ་ཁག་ཏུ་གཤམ་གསལ་ས་མིག་ཐོག་ཆོད་གན་ལས་བྱེད་འདེམས་སྒྲུག་གནང་རྒྱུ་ཡིན་ན་ཆ་རྐྱེན་ཚང་ཞིང་ལས་གནས་སུ་ཞུགས་བློ་ཡོག་རིགས་ནས་ཤེས་རིག་དྲུང་ཆེའི་མཚན་ཐོག་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༤ འགྱངས་མེད་འཚང་སྙན་ཕུལ་ཟིན་པ་དགོས།
ཨང། | སློབ་གྲྭའི་མིང། | ཆོད་གན་ས་མིག | ས་མིག་གྲངས། |
༡ | མ་སུ་རི་གཏན་སློབ། | བུའི་ཉལ་ཁང་དོ་དམ་པ། (Warden) | ༡ |
བོུའི་ཉལ་ཁང་དོ་དམ་པ། (Matron) | ༡ | ||
སྨན་ཞབས། (Staff Nurse) | ༡ | ||
༢ | སིམ་ལཱ་གཏན་སློབ། | བུའི་ཉལ་ཁང་དོ་དམ་པ། (Warden) | ༡ |
༣ | ཌལ་ཧོར་གཏན་སློབ། | བོུའི་ཉལ་ཁང་དོ་དམ་པ། (Matron) | ༡ |
སྨན་ཞབས། (Staff Nurse) | ༡ |
ཀ༽ ཉལ་ཁང་དོ་དམ་པའི་དགོས་ངེས་ཆ་རྐྱེན།
༡། ཉུང་མཐར་འཛིན་རིམ་བཅུ་གཉིས་སློབ་སྦྱོང་ཐོན་པའི་ལག་འཁྱེར།
༢། རང་ལོ་ ༤༥ མ་བརྒལ་བ།
༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ (R.C.) གྱི་ངོ་བཤུས།
༤། གཟུགས་ཐང་ལས་འཕེལ་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༥། འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས།
ཁ༽ སྨན་ཞབས་པའི་དགོས་ངེས་ཆ་རྐྱེན།
༡། ཉུང་མཐར་འཛིན་རིམ་བཅུ་པ་ཐོན་ནས་སྨན་ཞབས་སློབ་སྦྱོང་ཐོན་པའི་ལག་འཁྱེར།
༢། རང་ལོ་ ༣༥ མ་བརྒལ་བ་ཡིན་པ།
༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ (R.C.) གྱི་ངོ་བཤུས།
༤། གཟུགས་ཐང་ལས་འཕེལ་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༥། འབུལ་འབབ་གཙང་འབུལ་ཟིན་པའི་དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས།
ག༽ གསོལ་ཕོགས།
ཟླ་རེར་གསོལ་ཕོགས་ཧིན་སྒོར་ ༡༡༦༢༥།༠༠ འཐོབ་རྒྱུ།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་བྱེད་ཟུང་དྲུང་ཡན་ནམ་ས་གནས་འགོ་འཛིན། ཡང་ན། བོད་མིའི་སློབ་གྲྭ་གང་རུང་གི་སློབ་སྤྱི་བཅས་སུ་རུང་ནས་དག་མཆན་མཚན་རྟགས་ངེས་པར་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༨ ལ།
Secretary
Department of Education
Central Tibetan Administration
Gangchen Kyishong
Dharamsala – 176215
Distt. Kangra, H.P. INDIA