ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་སུ་ USAID ལས་གཞིའི་རོགས་དངུལ་འོག་སྨན་ཞབས་ས་མིག་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དུ་ ༢ མོན་གྷོ། ༡ ཧོན་སུར། ༡ ཀོ་ལེ་གྷལ། ༢ བདེ་སྐྱིད་གླིང་། ༢ སྦིར། ༡ ལ་དྭགས། ༡ སིམ་ལ། ༡ རྡ་ས། ༢ ཧ་སྤུར། ༡ ཀུམ་རའོ། ༡ ཨོ་ཌི་ཤ ༡ མན་སྤར་ ༡ མེའོ། ༡ བཅས་སྨན་ཞབས་གྲངས་ ༡༨ ས་མིག་སྟོང་པ་ཡོད་ན། རང་རེའི་སྤྱི་ཚོགས་ཁྲོད་དེ་ཐོག་ཞུགས་འདོད་ཡོད་ན་འཚང་སྙན་ཕུལ་སྐབས་ཚང་དགོས་པའི་ཆ་རྐྱེན་ཁག་གཤམ་གསལ།
དགོས་ངེས་ཆ་རྐྱེན་གཞན།
༡། དམའ་མཐར་ General Nursing & Midwifery ཐོན་པའི་ལག་འཁྱེར་ཐོག་ཉུང་མཐར་ལོ་གཅིག་གི་ ཉམས་མྱོང་ཡོད་པ།
༢། དང་བླངས་དཔྱ་དངུལ་ ༢༠༡༦ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས།
༣། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས།
༤། སྨན་པ་ཚད་ལྡན་ནས་གཟུཌ་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
༥། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༦། ལས་མྱོང་ངོས་སྦྱོར།
གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་དང་ལས་དམ་སྦྲཌ་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༥ ཕྱི་དྲོ་ཚོུད་ ༥ གོང་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང་། གློག་འཕྲིན་ Email ID, མྱུར་འཕྲིན་ Fax དེ་བཞིན་ཁ་པར་ཨང་གྲངས་སོཌ་འཚང་སྙན་ནང་ཁ་གསལ་བཀོད་དགོས་པ་དང་། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུཌ་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲཌ་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༥ ལ།།
༼འཚང་སྙན་འབུལ་ཡུལ།༽
Secretary
Department of Health, CTA
Gangchen Kyishong,
Dharamsala 176215
Distt Kangra H.P. INDIA