༢༠༡༧ ཟླ་ ༢ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་ལྟར་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་གོ་སྒྲིག་འོག ཕྱི་ལོ་༢༠༡༧ ཟླ་ ༢ ཚེས་ ༢༡ ནས་ ༢༣ བར་བཞུགས་སྒར་རྡ་རམ་ས་ལར་བུད་མེད་ནུས་ཤུགས་གོང་སྤེལ་ལྷན་ཚོགས་ཐེངས་དང་པོ་འཚོགས་གཏན་འཁེལ་བ་ལྟར། ལྷན་ཚོགས་སུ་ལྷན་ཞུགས་གནང་འདོད་ཡོད་ཚེ་དོན་གཉེར་བ་རྣམས་ཀྱིས་གཤམ་འཁོད་ལམ་སྟོན་ལ་ཐུགས་སྣང་གནང་དགོས།
མིང་ཐོ་དེབ་འགོད་ཆེད་འདིར་གནོན།
ལྷན་ཚོགས་སུ་མཉམ་ཞུགས་གནང་ཆེད་ཁྱོན་ཞབས་སྟེགས་གྲངས་ ༩༠ ཡོད།
༡༽ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕོ་མོ་ཁྱད་མེད་ཀྱི་ཞབས་སྟེགས་གྲངས་ ༡༠
༢༽རྒྱ་གར་བྱང་ཕྱོགས་མཐོ་སློབ་དང་སྨན་ཞབས་ལས་དོན་གཉེར་བཞིན་པ་རྣམས་ལ་ཞབས་སྟེགས་གྲངས་ ༣༢ ནས་ ༢༦ བུད་མེད་དང་། སྐྱེས་པར་ ༦ ཡོད།
༣༽རྒྱ་གར་ལྷོ་ཕྱོགས་མཐོ་སློབ་དང་སྨན་ཞབས་ལས་དོན་གཉེར་བཞིན་པ་རྣམས་ལ་ཞབས་སྟེགས་གྲངས་ ༡༨ ནས་ ༡༤ བུད་མེད་དང་། སྐྱེས་པར་ ༤ ཡོད།
༤༽རྒྱ་བལ་འབྲུག་གསུམ་ལ་ཞབས་སྟེགས་གྲངས་ ༢༠ ཡོད་ཁོངས་ནས་བུད་མེད་ལ་ ༡༠ དང་སྐྱེ་པར་ ༡༠ ཡོད།
༥༽ཚོགས་པ་སྒྲིག་འཛུགས་ཁག་གི་བུད་མེད་ཁོ་ནའི་ཆེད་ཞབས་སྟེགས་གྲངས་ ༡༠
རྒྱ་བལ་འབྲུག་གསུམ་ནས་མཉམ་ཞུགས་གནང་མཁན་རྣམས་ཀྱི་ལམ་གྲོན་དང་ཉིན་རེའི་ལྟོ་དོད། བཞུགས་གནས་སོགས་མཐུན་འགྱུར་ཡོངས་རྫོགས་ནང་སྲིད་ལས་ཁུངས་ནས་གོ་སྒྲིག་གནང་རྒྱུ།