ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༥
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་སྡེ་ཚན་ཆེད་ལས་བྱེད་གཉིས་དྲུང་གཞོན་ལས་རོགས་གནས་རིམ་ཚད་མཉམ་ཆོད་གན་ཐོག་བསྐོ་གཞག་བྱ་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ལོ་གཉིས་རིང་ཆོད་གན་ཐོག་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་འཐུས།
ཀ། ལས་འཆར་ལས་འཛིན་པའི་ས་མིག་གཅིག (1 Project Officer)
ཁ། ལས་འཆར་ལག་བསྟར་རྟོག་ཞིབ་པའི་ས་མིག་གཅིག (1 Monitoring and Evaluation Officer)
༡། ཤེས་ཚད། འཛིན་སྐྱོང་དང་སྤྱི་ཚོགས་ཡར་རྒྱས། དཔལ་འབྱོར། སྤྱི་ཚོགས་རིག་གནས། རྒྱལ་སྤྱིའི་ཡར་རྒྱས་སློབ་ཚན་གང་རུང་ཐོག་ཉུང་ཐར་ཚད་ལྡན་མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ (BA/B.Com/B.Sc) ཐོན་པ་དང༌། གཞན་ཡང་ཚད་མཉམ་སློབ་ཐོན་པའི་ལག་འཁྱེར་ཡོད་པ།
༢། ལས་ཀའི་ཉམས་མྱོང༌། གོང་གསལ་སློབ་ཚན་གང་རུང་དང་འབྲེལ་བའི་ཐོག་ཉུང་ཐར་ལོ་གཉིས་གསུམ་གྱི་ལས་མྱོང་ཡོད་པར་དམིགས་བསལ་ཡོད།
༣། བོད་ཡིག་དང་ཨིན་ཡིག ཀམ་པུ་ཀྲར་དང་དྲ་རྒྱ་བེད་སྤྱོད་ཀྱི་ཤེས་ཚད་རང་སྐྱ་འཕེར་ངེས་ཡོད་པ།
༤། ལོ་ཚད་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༨ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང༌། ༤༠ ལས་མ་བརྒལ་བ་དགོས།
གོང་གསལ་ས་མིག་ཀ་དང་ཁ་ཐོག་ཆ་རྐྱེན་ཚང་རིགས་ནས་རང་ཉིད་ཀྱི་འཚང་སྙན་མཉམ་གཤམ་འཁོད་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་སུ་རུང་གིས་དག་མཆན་ལས་དམ་འཁོད་པ་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༠ འགྱངས་མེད་གཤམ་འཁོད་དྲུང་ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ།
དོ་བདག་སོ་སོར་འབྲེལ་བ་གནང་བདེའི་སླད་ཁ་བྱང་དང༌། གློག་འཕྲིན། (email) ཁ་པར་ཨང་བཅས་འཚང་སྙན་ནང་ཁ་གསལ་བཀོད་དགོས།
༡། ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Sheet and Degree Certificate) གྱི་ངོ་བཤུས།
༢། དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་བུ་དང་པོ་དང་གཉིས་པ། སྒྲིག་མཐུན་དཔྱ་དངུལ་འབུལ་འབབ་ཕྱི་ལོ་ ༢༠༡༧།༣།༣༡ བར་གཙང་ཕུལ་ཟིན་པའི་དཔྱ་དེབ་ཀྱི་ཤོག་གྲངས་མཐའ་མའི་ངོ་བཤུས།
༣། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ (RC) གྱི་ཤོག་གྲངས་དང་པོ་དང་ཁྲིམས་མཐུན་དུས་འགྱངས་ཞུས་པའི་ཤོག་བུ་མཐའ་མའི་ངོ་བཤུས།
༤། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སྨན་ཁང་གང་རུང་ནས་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་ས་རྟགས་འཁོད་པ་ངོ་མ།
༥། འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༦། སྡེ་ཚན་གཞན་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་ཡོད་དགོས།
འཚང་སྙན་དང་ཡིག་ཆ་ཁག་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༠ ནང་ཚུན་དུས་ཐོག་ཕུལ་འབྱོར་ཁག་ལ་འདེམས་སྒྲུག་ཚོགས་ཆུང་ནས་ཞིབ་འཇུག་དང་སྦྲགས་འོས་ཆོས་ལྡན་པ་ཚོར་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་འབོད་བརྡ་བྱ་རྒྱུ་ཡིན་པས་སྐབས་བསྟུན་ལག་འཁྱེར་དང་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། དཔལ་འབྱོར་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༥ ལ།།
Secretary,
Department of Finance, CTA
Gangchen Kyishong, Dharamsala
Kangra Distt, H.P.India- 176215
Email: [email protected] / [email protected]
Tel; 01892-222487 / 223738,