ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༠ རེས་གཟའ་མིག་དམར།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་སྡེ་ཚན་ཆེད་ལས་བྱེད་གཉིས་སྡེ་ཚན་འགན་འཛིན་དང་ལས་ཁུངས་དོ་དམ་པའི་གནས་རིམ་ཚད་མཉམ་ཆོད་གན་ཐོག་བསྐོ་གཞག་བྱ་རྒྱུ་ཡིན་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ལོ་གཅིག་རིང་ཆོད་གན་ཐོག་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༧ འགྱངས་མེད་ཤེས་རིག་ལས་ཁུངས་སུ་འཚང་སྙན་འབུལ་འཐུས།
ཀ། ཀམ་པུ་ཊར་ཁྱད་ལས་པ། (1 Computer Programmer)
ཤེས་རིག་སློབ་ཡོན་སྡེ་ཚན་གྱི་དགོས་མཁོ་དང་བསྟུན་ཏེ་ད་ཡོད་གྲངས་མཛོད་ཐོག་བཟོ་བཅོས་དང་ཡར་རྒྱས། གཞན་ཡང་གནས་ཚུལ་བདག་ཉར་དང་དཔྱད་ཞིབ་བྱ་བདེ་བཟོ་རྒྱུ།
༡༽ ཤེས་ཚད། ཨེམ་སི་ཨེ་ལག་འཁྱེར་ཡོད་པ་དང་། བོད་ཨིན་གཉིས་ཀ་ལྕགས་པར་རྒྱག་ཐུབ་པ།
༢༽ ལས་དོན་ཐོག་ཉམས་མྱོང། ཀམ་པུ་ཊར་གྲངས་མཛོད་བཟོ་ཕྱོགས་ཐད་ཉམས་མྱོང་ཡོད་པ།
༣༽ ལོ་ཚད་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣༡ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས།
༤༽ ལས་འགན་འགོ་འཛུགས། ༢༠༡༧ ཟླ་ ༢
༥༽ ཕོགས་ཐོབ། ཟླ་རེར་སྒོར་ ༢༥་༧༠༠།༠༠ ༼ཁང་གླ་ཚུད་ཡོད།༽
ཁ། ཀམ་པུ་ཊར་དུ་གྲངས་ཐོ་འཇུག་མཁན། (1 Data Entry Staff)
༡། ཤེས་ཚད། ཉུང་མཐར་འཛིན་རིམ་བཅུ་གཉིས་ཐོན་ཞིང་བོད་ཨིན་གཉིས་ཀ་ལྕགས་པར་རྒྱག་ཐུབ་པ།
༢། ལས་དོན་ཐོག་ཉམས་མྱོང་། ཀམ་པུ་ཊར་གྱི་ལས་དོན་དང་འབྲེལ་བའི་ཐོག་ཉུང་མཐར་ཟླ་བ་ ༦ ཉམས་མྱོང་ཡོད་པ།
༣། ལོ་ཚད་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣༡ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས།
༤༽ ལས་འགན་འགོ་འཛུགས། ༢༠༡༧ ཟླ་ ༢
༥༽ ཕོགས་ཐོབ། ཟླ་རེར་སྒོར་ ༢༥་༡༠༠།༠༠ ༼ཁང་གླ་ཚུད་ཡོད།༽
གོང་གསལ་ས་མིག་ཐོག་ཆ་རྐྱེན་ཚང་རིགས་ནས་རང་ཉིད་ཀྱི་འཚང་སྙན་མཉམ་གཤམ་འཁོད་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་སུ་རུང་གིས་དག་མཆན་ལས་དམ་འཁོད་པ་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢༧ འགྱངས་མེད་གཤམ་འཁོད་ཁ་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ།
༡། ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Sheet and Degree Certificate) གྱི་ངོ་བཤུས།
༢། དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་བུ་དང་པོ་དང་གཉིས་པ། སྒྲིག་མཐུན་དཔྱ་དངུལ་འབུལ་འབབ་ཕྱི་ལོ་ ༢༠༡༦།༡༢།༣༡ བར་གཙང་ཕུལ་ཟིན་པའི་དཔྱ་དེབ་ཀྱི་ཤོག་གྲངས་མཐའ་མའི་ངོ་བཤུས།
༣། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ (RC)གྱི་ཤོག་གྲངས་དང་པོ་དང་ཁྲིམས་མཐུན་དུས་འགྱངས་ཞུས་པའི་ཤོག་བུ་མཐའ་མའི་ངོ་བཤུས།
༤། སྡེ་ཚན་གཞན་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་ཡོད་དགོས།
དོ་བདག་སོ་སོར་འབྲེལ་བ་གནང་བདེའི་སླད་ཁ་བྱང་དང་། གློག་འཕྲིན།(email) ཁ་པར་ཨང་ (Phone) བཅས་འཚང་སྙན་ནང་ཁ་གསལ་བཀོད་དགོས། དུས་བཀག་ནང་ཚུད་ཕུལ་འབྱོར་ཟིན་པའི་འཚང་སྙན་ཁག་ལ་འདི་ནས་ཞིབ་འཇུག་དང་སྦྲགས་འོས་ཆོས་ལྡན་པ་ཚོར་མཐའ་མའི་ངག་རྒྱུགས་ཆེད་བརྡ་ལན་འབུལ་རྒྱུ་ཡིན་ན། ངག་རྒྱུགས་སྐབས་ལག་འཁྱེར་དང་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་དགོས་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ།།
Secretary (Database Application)
Department of Education (CTA)
Gangchen Kyishong
P.O. Dharamsala 176215
District – Kangra, H.P.