༢༠༡༦ ཟླ་ ༡༢ ཚེས་ ༡༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ནས་ཟླ་ ༣ ཚེས་ ༣༡ བར་ ༢༠༡༧ དང་ཕྱི་ལོ་ ༢༠༡༨ ལོའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཚོགས་མི་གསར་བསྡུ་ཞུ་རྒྱུའི་དུས་ཡུན་ཡིན་སྟབས། ལས་གཞི་འདིའི་ནང་མི་མང་གང་མང་མཉམ་ཞུགས་ཐུབ་སླད་འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་བའི་གསལ་བསྒྲགས་ནང་འཁོད་དོན།
འཕྲོད་བསྟེན་གྱི་ཉེན་ཁ་ནི་སུ་ལའང་ཡོང་སྲིད།
འཕྲོད་བསྟེན་ཉེན་སྲུང་ཞེས་པ་ནི་འཕྲོད་བསྟེན་གྱི་ཉེན་ཁ་དེ་འགྲོ་བ་མི་གཅིག་ཡིན་ཕྱིན་ཚང་མར་སྤྱི་མཚུངས་འཕྲད་སྲིད་པའི་ཉེན་ཁ་ཡིན་པར་སོང་ཉེན་ཁ་དེས་རྐྱེན་པས་སྤྱི་ཚོགས་དང་མི་སྒེར་གྱི་དཔལ་འབྱོར་གནས་སྟངས་ལ་དོ་ཕོག་ཉུང་འཁྲི་སླད་མ་འོངས་སྨན་བཅོས་འགྲོ་གྲོན་ལ་དམིགས་ནས་དུས་བཀག་ཟུར་བཅད་ནང་དགོས་དངུལ་ཕྲན་བུ་རེ་ཟུར་དུ་མ་འཇོག་གི་ཚུལ་དུ་འཇོག་པར་གོ་དགོས།
ང་ཚོ་མང་ཆེ་བ་རྒྱུན་དུ་འཚོ་བའི་ནང༌། སྨན་ཁང་ནང་སྤྱིར་བཏང་སྨན་བཅོས་དང་ཛ་དྲག་གཤག་བཅོས་བྱ་དགོས་ཀྱིས་སྨན་ཁང་ནང་བསྙལ་དགོས་བྱུང་བའི་སྐབས་སྨན་གྲོན་ཆེད་འགྲོ་སོང་ཕོན་ཆེན་པོ་གཏོང་དགོས་ཀྱི་ཡོད། དེང་དུས་ཀྱི་སྤྱི་ཚོགས་ཟང་ཟིང་ཆེ་བའི་ནང་སེམས་ངལ་གྱི་དཀའ་ངལ་འཕྲད་པ་དང༌། རྒྱུན་ཆགས་འཚོ་བའི་གནས་སྟངས་རྐྱེན་པས་དཀའ་ངལ་འཕྲད་པ། དེ་བཞིན་ཁོར་ཡུག་སྦག་བཙོག་རྐྱེན་པས་ལུས་མི་བདེ་བས་སྙིང་ནད་གཙོ་བོར་གྱུར་བའི། འབྲས་ནད་དང༌། ཚབས་ཆེའི་ནད་རིགས་མང་པོ་ཞིག་གིས་མནར་གྱི་ཡོད། ནད་རིགས་དེ་དག་བཅོས་ཐབས་སུ་སྨན་བཅོས་བསྟེན་གཏུགས་འགོ་འཛུགས་ཞུས་པ་ཙམ་གྱི་སྨན་ཡོན་འགྲོ་གྲོན་དངུལ་སྒོར་འབུམ་ཕྲག་བརྒལ་འགྲོ་ཡི་ཡོད།
རྒྱ་གར་ནང༌། ང་ཚོ་མང་ཆེ་བས་རྒྱུན་གཏན་ནད་མནར་སྐབས་སྨན་པ་དང༌། སྨན་ཚོང་ཁང༌། སྨན་དཔྱད་ཁང་སོགས་ལ་ཐད་ཀར་སྨན་བཅོས་སྐབས་འགྲོ་གྲོན་དེ་ཙམ་མཐོ་པོ་གནས་ཀྱི་མེད་ཀྱང༌། སྨན་ཁང་ནང་སྨན་བཅོས་ཆེད་བསྙལ་དགོས་པའི་སྐབས་ལ་སྨན་གྲོན་ཧ་ཅང་མཐོ་བས་སྨན་གྲོན་ཐོག་དཀའ་ངལ་འཕྲད་བཞིན་པ་སྤྱི་མཚུངས་ཡིན།
དེར་བརྟེན་འཕྲོད་བསྟེན་ཉེན་སྲུང་ནང་ཞུགས་པ་ཡིན་ན་ཛ་དྲག་དཔལ་འབྱོར་ཉམས་རྒུད་ལས་སྐྱོབ་ཐུབ། དཔེར་ན། བསྟན་འཛིན་ཞེས་པ་ཞིག་ནད་མནར་གྱིས་སྨན་ཁང་དུ་བསྙལ་དགོས་བྱུང་ཚེ་སྨན་གྲོན་ཆེད་ཧིན་སྒོར་ ༥༠༠༠༠།༠༠ དགོས་ན།
བསྟན་འཛིན་ལ་སྨན་བཅོས་འགྲོ་གྲོན་ཐབས་ཤེས་ཞུ་རྒྱུར་ཐབས་ལམ་གཉིས་ཡོད།
༡༽དང་པོ། རང་ཉིད་བསྡོད་སའི་སྤྱི་ཚོགས་ནས་དགོས་དངུལ་ཕྲན་བུ་རེ་བསྡུ་ཆ་ཞུས་ནས་བསྟན་འཛིན་གྱི་སྨན་བཅོས་ཆེད་འགྲོ་གྲོན་ཐབས་ཤེས་ཞུ་རྒྱུ།
༢༽གཉིས་པ། བསྟན་འཛིན་སྨན་ཁང་དུ་བསྙལ་བའི་སྨན་གྲོན་ཚང་མ་རང་ཉིད་ནས་གཏོང་དགོས། དེས་བསྟན་འཛིན་གྱི་དཔལ་འབྱོར་གནས་སྟངས་ལ་དོ་ཕོགས་ཤུགས་ཆེ་བྱུང་ནས་དོ་བདག་བསྟན་འཛིན་ཉམ་ཐག་གི་གནས་སྟངས་སུ་ལྷུང་སྲིད།
གདམ་ཀ་དང་པོ་དེ་འཕྲོས་བསྟེན་ཉེན་སྲུང་གི་འགྲོ་སྟངས་དེ་རེད། མང་ཚོགས་མི་རེ་ངོ་རེ་ནས་བསྡུ་ཆ་ཕྲན་བུ་རེ་བསྡུས། མང་ཚོགས་ཀྱི་མ་འཇོག་བསྡུ་དངུལ་དེས་སྨན་ཁང་ནང་བསྙལ་བའི་ཚོགས་མི་སུ་རུང་ཞིག་གིས་སྨན་གྲོན་ཆེད་ཕན་ཐོགས་བྱུང་ནས་ཚོགས་ཞུགས་གནང་བའི་ཚོགས་མི་ཚང་མའི་གཅིག་ཕན་གཅིག་གྲོགས་ཀྱིས་མ་འོངས་པར་སུ་ལའང་སྨན་གྲོན་གྱི་དཀའ་ངལ་འཕྲད་སྲིད་པར་དཀའ་སེལ་སླད་ཐབས་ལམ་བཟང་ཤོས་དེ་ཡིན།།
བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་ཟེར་བ་གང་ཡིན་ནམ།
ལས་གཞི་འདི་ནི་རྒྱ་གར་གྱི་དེབ་སྐྱེལ་ཁྲིམས་སྒྲིག་ Indian Societies Act 1860 འོག་དེབ་སྐྱེལ་བྱས་པའི་བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་འགན་ཁུར་འོག་བཙན་བྱོལ་བོད་མི་ཡོངས་ལ་རིམ་པ་གཉིས་པ་དང་གསུམ་པའི་སྨན་བཅོས་མཐུན་འགྱུར་གང་ཐུབ་བསྐྲུན་ཐབས་བྱ་རྒྱུ་དེ་ཡིན།
ལས་གཞི་འདི་ནི་དགེ་རྩ་ལྡན་ཡང་ཁེ་སང་མེད་པའི་སྤྱི་ཚོགས་འཕྲོད་བསྟེན་ཁོ་ནའི་ཆེད་དམིགས་པ་ཞིག་ཡིན། ཕྱི་ལོ་ ༢༠༡༢།༤།༡ ནས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་དབུ་འཛུགས་ཞུས་ནས་ད་ལྟ་ལོ་ལྔ་པ་དེ་འགྲོ་བཞིན་ཡོད། སྨན་བཅོས་ལྟ་སྐྱོང་གི་ལོ་དྲུག་པའི་དུས་ཡུན་ནི་ཕྱི་ལོ་ ༢༠༡༧ ཟླ་ ༠༤ ཚེས་ ༠༡ ནས་ཕྱི་ལོ་ ༢༠༡༨ ཟླ་ ༠༣ ཚེས་ ༣༡ བར་ཡིན། དེར་བརྟེན་ཕྱི་ལོ་ ༢༠༡༧ ཟླ་ ༡ ནས་ཟླ་ ༣ ཚེས་ ༣༡ བར་མིང་ཐོ་དེབ་འགོད་འགོ་འཛུགས་ཞུ་རྒྱུར་ཉེ་འགྲམ་དུ་བསླེབས་པའི་སྐབས་འདིར་འཕྲོད་བསྟེན་སྨན་ཁང་ངམ་ས་གནས་འགོ་འཛིན་ལས་ཁུངས་སུ་དེབ་འགོད་གནང་རོགས།
ཕྱི་ལོ་ ༢༠༡༦་་་༡༧ ལོའི་སྨན་བཅོས་ལྟ་སྐྱོང་གི་གནས་སྟངས་མདོར་བསྡུས།
༡༽ ཚོགས་ཞུགས་མི་གྲངས་ ༢༤༠༤༩
༢༽ ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༡ ནས་ཟླ་ ༡༢ བར་མི་གྲངས་ ༩༩༦ ལ་སྨན་བཅོས་ཁེ་ཕན་རོགས་སྐྱོར་ཐུབ་པ་བྱུང༌།
༣༽ སྨན་གྲོན་ཆེད་སོང་བསྡོམས་ཧིན་སྒོར་ ༡༠༨༠༣༨༡༢
༤༽ སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ནི་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞི་ཆགས་ཡོངས་རྫོགས་ལ་འགོ་འཛུགས་ཞུ་བཞིན་ཡོད།