༢༠༡༦ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་༢༠༡༦ ཟླ་ ༡༢ ཚེས་ ༢༧ ཉིན་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ཤོད་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་ནང་རྒྱ་བལ་གཉིས་ཀྱི་སློབ་གྲྭ་ཁག་ ༣༠ ནས་སྣེ་ཁྲིད་དགེ་རྒན་བཅུ་དང་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༢༨༤ བཅས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཐེངས་བཞི་པ་མཇུག་བའི་བསྒྲིལ་མཛད་སྒོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན།
རྣམ་པ་ཚོས་མྱོང་ཚོར་གསུང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། དུས་ཚོད་སྟངས་འཛིན་དགོས་རྒྱུ་དང་། དྲི་བ་དྲི་ལན་གྱི་དུས་ཚོད་མང་ཙམ་དགོས་པའི་བསམ་འཆར་དེ་དག་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་།
དེ་བཞིན་ཡིག་ཐོག་ནས་ཀྱང་བསམ་འཆར་ཕུལ་ཡོད་པར་བརྟེན་སང་ལོར་འཛིན་གྲྭ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་སྤྲོད་སྐབས་འགྱུར་བ་གཏང་རྒྱུ་ཡིན། དེ་བཞིན་ཟབ་སྦྱོང་བ་རྣམས་ནས་ཟབ་སྦྱོང་གོ་སྒྲིག་ཡག་པོ་བྱུང་ཡོད་སྐོར་སོགས་ལེགས་པའི་ཆ་མང་པོ་ཞིག་གསུང་བར་བརྟེན། ཟབ་སྦྱོང་འདི་ཉིད་ཡང་པོ་བྱུང་ཡོད་པ་ཞིག་ལ་ངོས་འཛིན་ཞུ་ཆོག་པ་ལྟ་བུ་དྲན་བྱུང་། ཁྱེད་རང་ཚོས་ཆེད་མངགས་བྱེད་དགོས་པ་ནི། ཤེས་ཡོན་སློབ་སྦྱོང་རེད། ང་ཚོ་ཚང་མར་ལས་འགན་འགའ་ཤས་ཡོད། ང་ཚོར་སོ་སོའི་ལུང་པ་མེད། ད་ཆ་ང་ཚོ་ཁྲ་ཁྲ་ཟིང་ཟིང་བྱས་ནས་
གཉིས་ནི། ང་ཚོའི་ཁ་གཏད་ཤུགས་ཆེན་པོ་རེད། ཁ་གཏད་དེ་ལ་ང་ཚོས་དཔལ་འབྱོར་དང་
ནམ་རྒྱུན་ནས་ངས་དགེ་རྒན་དང་ཕ་མ། སློབ་ཕྲུག འཛིན་སྐྱོང་བཅས་ནི་ཅོག་ཙེའི་རྐ
༧གོང་ས་མཆོག་གིས་ཕྲུ་གུ་རེ་རེར་