༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་འབྱོར་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་བསྟན་འཛིན་སྒང་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ཚོགས་མི་རྣམས་ཀྱི་ལས་འཁུར་དམ་འབུལ་ཡོང་བའི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་བསྟན་འཛིན་སྒང་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༤ ཉིན་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༠༧ ནས་ཚོགས་མི་ ༠༦ དང་། ཚོགས་གཙོ་ཚོགས་གཞོན་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་ཡོད་པ་དང་། བསྟན་འཛིན་སྒང་ས་འཐུས་སྐབས་ ༩ པའི་ཚོགས་གཙོ་ཉི་མ་རྡོ་རྗེ་ལགས་དང་། ཚོགས་གཞོན་སྲི་ཡག་ལགས་གཉིས་འདེམས་ཐོན་བྱུང་ཡོད་པ་བཅས།།
བསྟན་འཛིན་སྒང་ས་གནས་འཐུས་ཚོགས་སྐབས་ ༩ པའི་དམ་འབུལ་ལེགས་གྲུབ།
གསར་གནས།

འབྲེལ་གནས།
