༢༠༡༦ ཟླ་ ༡༢ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོ
དེ་བཞིན་ཁོང་གིས་བཀའ་ཤག་སྐབས་ ༡༥ འཆར་སྣང་དང་། ད་ལྟའི་བོད་ནང་གི་གནས་སྟངས་སྤྱི
གཞན་ཡང་དེ་ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ Paris ནང་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུ་སྐབས་བོད་མི་ ༣༠༠ ཙམ་མཉམ་ཞུས་གནང་བ་མ་ཟད། ཞིང་གཤེགས་དམ་པ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས་ཀྱང་ཕེབས་ཡོད་པ་མ་ཟད། ཚོགས་བཅར་བ་རྣམས་ལ་གཞིས་ལུས་བོད་རིགས་སྤུན་ཟླ་ཕོ་མོ་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་དུས་རྟག་ཏུ་རྒྱབ་སྐྱོར་གནང་དགོས་པ་མ་ཟད། རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་སྐོར་སོགས་གསུངས། སྐབས་དེར་པེ་རི་སི་དོན་གཅོད་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཡིག་ཚེ་རིང་དོན་གྲུབ་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་ཞུས་འདུག ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་ངག་དབང་བསྟན་པ་ལགས་ནས་གསུང་བཤད་གནང་རྗེས་རྒྱལ་གཅེས་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་སླད་སྨོན་ལམ་གསུང་འདོན་གནང་འདུག གཞན་ཡང་མཛད་སྒོའི་སྐབས་བོད་ཀྱི་གཞས་སྣ་ཁག་གཅིག་ཀྱང་འཁྲབ་སྟོན་ཞུས་འདུག
དེ་ཉིན་གྱི་སྔ་དྲོ་བོད་མི་རྣམས་ཀྱིས་ཝི་ཏི་ནམ་དང་ལ་འོ་སི། ཀེམ་བྷོ་ཌི་ཡ། ཡུ་གུར་སོགས་ཨེ་ཤི་ཡའི་མི་རིགས་ཁག་གཅིག་དང་ལྷན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་སླད་གོམ་བགྲོད་ལས་འགུལ་ཐོག་མཉམ་ཞུགས་གནང་འདུག སྐབས་དེར་བོད་མི་ཚོས་བོད་ནང་དེང་སྐབས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་གནས་སྟངས་དང་བོད་མི་རྣམས་ལ་གཞི་རྩའི་ཆོས་དད་དང་སྨྲ་བརྗོད་སོགས་ཀྱི་རང་དབང་རྩ་བ་ནས་མེད་པའི་གནས་སྟངས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་སྐོར་ངོ་སྤྲོད་གནང་ཐུབ་པ་བྱུང་འདུག སྐབས་དེར་ཉི་མ་ལྷ་མོ་ལགས་ནས་ཀྱང་བོད་ནང་གི་ཆབ་སྲིད་བཙོན་པ་སོགས་ཀྱི་དཀའ་ངལ་སྤྱི་དང་། ལྷག་པར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དོགས་གཞི་ཧ་ཅང་ཆེ་བའི་གནས་སྟངས་འོག་གློ་བུར་དུ་སྐུ་གྲོངས་པར་བརྟེན་རྒྱལ་སྤྱིའི་རང་དབང་ཅན་གྱི་རྟོག་ཞིབ་ཚོགས་ཆུང་ནས་ངེས་པར་དུ་ཞིབ་རྩད་གནང་དགོས་པ་སོགས་གསུངས།
ཕྱོགས་མཚུངས་རུ་སོག་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་རྒྱལ་ས་མོ་སི་ཁོའི་ Moscow ནང་རུ་སོག་སྐུ་ཚབ་དོན་གཅོད་དང་། མོ་སི་ཀོ་ནང་པའི་ན་གཞོན་ཚོགས་པ། Youth Association of Moscow Buddhists དེ་བཞིན་བོད་སྐྱོབ་ཚོགས་པ་Save Tibet Foundation བཅས་ཐུན་མོང་ཐོག་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་ཞུས་འདུག
སྐབས་དེར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི། བདེ་སྐྱིད་སྐྲུན་པའི་ཐབས་ལམ། “the Art of Happiness” ཞེས་པ་ནས་ལུང་འདྲེན་ཞུས་ནས་རྩོད་རྙོག་རྣམས་འཚེ་བ་མེད་པ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། ཉེ་ལམ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་གཞི་རྩའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་རྒྱུའི་སྲིད་བྱུས་ཤུགས་ཆེ་རུ་གཏོང་བཞིན་པ་དང་། ལྷག་པར་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་ཛ་དྲག་གནས་སྟངས་གསལ་འདོན་གནང་འདུག
ཕྱོགས་མཚུངས་རིན་པོ་ཆེ་མཆོག་ནས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༤༥ རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་རྣམས་དང་ཕྱི་ཚེས་ ༨ ཉིན་བོད་མི་བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་སྐོར་སོགས་གསུངས་འདུག་པ་བཅས།།