ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༩ ནས་ཕྱི་ཟླ་ ༡ ཚེས་ ༢༡ བར་ལྡི་ལིར་གནད་ཡོད་མི་སྣ་མཇལ་འཕྲད་དང་། གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན།
དེ་བཞིན་རྒྱ་གར་གྱི་གྲོང་ཁྱེར་པཱུ་ནེའི་ནང་རྟེན་གཞི་བྱས་པའི་ Maharashtra Instutute of Technology ཞེས་པའི་གཙུག་ལག་སློབ་གཉེར་ཁང་གི་ Bharat Chhatra Sansad ཚོགས་པས་གོ་སྒྲིག་གནང་བའི་ 7th National Conclave of Indian student Parliament Inspiring Youth: Strengthening Democracy ཞེས་པའི་བགྲོ་གླེང་ཚོགས་འདུར་གསུང་བཤད་གནང་རྒྱུ་བཅས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག་པ་བཅས།།