༢༠༡༦ ཟླ་ ༡༢ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་འབྲི་གུང་བྱང་ཆུབ་གླིང་དགོན་དུ་ཆེད་ཕེབས་ཀྱིས་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེར་མཇལ་ཕྱག་དང་དགོན་པར་གནས་གཟིགས་གནང་རྗེས་ཕྱི་དྲོར་ལྡེ་ར་ལྡུན་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་ས་གནས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་གྲངས་ ༤༠ ཙམ་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་ཡོད་པ་བཅས།།