༢༠༡༦ ཟླ་ ༡༢ ཚེས་ ༢༡ རེས་གཟའ་ལྷག་པ།

དགེ་རྒན་ཆེན་མོ་ཤ་མིང་ཡིས་མགྲོན་འབོད་ལྟར་འདུ་འཛོམས་ལ་ཕེབས་ པའི་ཨ་རིའི་སྐུ་ཚབ་དོན་གཅོད་ཚོགས་ཟུར་སྤེ ན་པ་ཚེ་རིང་མཆོག་དང་། བོད་ཀྱི་ཐེབས་རྩའི་འགན་འཛིན་རི ན་ཆེན་དར་ལོ་ལགས། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་གྱི ་བོད་པའི་གཞུང་འབྲེལ་མ་ཡིན་པའི་ ཚོགས་སྐྱིད་ཁག་གི་ཚོགས་གཙོ་རྣ མས་ལ་འཚམས་འདྲི་དང་འབྲེལ་གསུ ང་དོན། ང་ཚོ་ནི་༸གོང་ས་ཏཱ་ལའི་བླ་མ་ མཆོག་ལ་རྒྱབ་སྐྱོར་ཞུ་མཁན་ཡིན། དེ་རིང་འདུ་འཛོམས་ཀྱི་དགོས་དོ ན་གཙོ་བོ་ནི་རྒྱ་བོད་གཉིས་དབར་གྱི་འབྲེལ་ ལམ་ཡག་ཏུ་གཏོང་རྒྱུའི་ཆེད་དུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་འདུག

དེ་ཡང་འདུ་འཛོམས་དེར་རྒྱ་རིགས་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་འདུག་པ་དང་། ཆབ་སྲིིད་དཔྱད་གཏམ་པ་གྲན་ཕོ་ཁུ ང་Chen Pokong དང་། ཀོ་ལིམ་སྦི་ཡ་གཙུག་ལག་སློབ་ཆེ ན་གྱི་མཁས་དབང་ཝང་ཅུན་ཐའོ། Wang Juntao པེ་ཅིང་དཔྱིད་ཀའི་སྤྱི་ཁྱབ་རྩོ མ་སྒྲིག་པ་ཧུའུ་ཕིང་Hu Ping སོགས་ནས་སྐབས་དེར་ མི་སེམས་འགུལ་བའི་གསུང་བཤད་གནང་དོན། དེ་རིང་དགོང་མོའི་གནམ་གཤིས་གྲ ང་ངར་ཆེ་ཡང་། ཚོགས་ཁང་ནང་གི་རྣམ་པ་ནི་དཔྱིད་ ཀའི་གནམ་གཤིས་ལྟར་གྱི་དྲོ་སྐྱི ད་ལྡན་པའི་ཚོར་སྣང་ལས་དགུན་ཁ་ཡི ན་པའི་ཚོར་བ་མི་འདུག ང་ཚོ་ཚང་མ་འདིར་མཉམ་དུ་གནས་ཐུ བ་པ་འདི་ཧ་ཅང་གི་གལ་གནད་ཆེན་པོ་ ཡིན། ༸གོང་ས་མཆོག་གིས་སྔ་ས་ནས་རྒྱ་བོད་གཉིས་ འཆམ་མཐུན་མཉམ་གནས་དགོས་ པའི་བཀའ་སློབ་ལམ་སྟོན་ཕེབས་ཡོད་ ཀྱང་། ང་ཚོ་རྗེས་ལུས་ཐེབས་པ་རེད། དེར་བརྟེན་ངས་བོད་རིགས་གྲོགས་ པོ་རྣམས་ལ་དགོངས་སེལ་ཞུ་རྒྱུ་ཡི ན།

ཡང་རྒྱ་རིགས་གཞན་ཞིག་གིས། དེང་སང་བྱང་ཨ་རི་ཙམ་མ་ཟད། ཡུལ་གྲུ་གང་སར་བོད་རྒྱའི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པ་དང་། བོད་རྒྱ་མི་རིགས་གཉིས་དབར་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་འཛུགས་ཐུབ་པ་བྱུང་ཡོད། དེའི་ཐོག་ནས་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་ལ་རླབས་ཆེན་གྱི་གྲུབ་འབྲས་ཐོན་པ་སྟོན་བཞིན་ཡོད་པས། ང་ཚོས་གོ་སྐབས་འདི་བརྒྱུད་༸གོང་ས་མཆོག་ལ་སེམས་གཏིང་ནས་དགའ་བསུ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས།
སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ མཆོག་གིས་གསུང་བཤད་གནང་སྐབས། རྒྱ་རིགས་ཚོས་༸གོང་ས་༸སྐྱབས་མགོ ན་ཆེན་པོ་མཆོག་དང་། བོད་མི་རྣམས་ལ་རྒྱབ་སྐྱོར་གནང་ བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ ད་དུང་མུ་མཐུད་ནས་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད ་དམ་བཅའ་གསུམ་དང་། བོད་ཀྱི་བདེན་དོན་འཐབ་རྩོད་ལ་ མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་ སྐུལ་གནང་ཡོད།
ནིའུ་ཡོག་གྲོང་ཁྱེར་གྱི་གྲོས་ཚོ གས་གོང་མའི་འཐུས་མི་ SENATOR REV. RUBEN DIZA ལས་ཁུངས་ནས་སྐུ་ཚབ་དོན་གཅོད་ལ་ ཆེ་བསྟོད་ཀྱི་ཕྱག་ཁྱེར་དང་། རྒྱ་རིགས་སྙན་ངག་པ་དང་སྒྱུ་རྩ ལ་བ་ཧོང་ཞང་Huang Xiang ནས་སྙན་ངག་བྲིས་མ་ དང་། སྒྱུ་རྩལ་གྱི་རི་མོ་ཕུལ་ནས་བོ ད་མིའི་དཀའ་སྡུག་ལ་གདུང་སེམས་ མཉམ་སྐྱེ་མཚོན་པ་གནང་ཞིང་། གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི ་ལྷ་ས་སྐྱིད་སྡུག་གི་སྒྱུ་རྩལ་ བ་རྣམས་ནས་བོད་ ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུ ང་འཁྲབ་སྟོན་གནང་འདུག བོད་ཀྱི་ཐེབས་རྩའི་འགན་འཛིན་ བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོ གས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ ཆོས་རྫོང་ལགས་ཀྱིས་ཀྱང་འཚམས་འདྲི འི་གསུང་བཤད་གནང་ ཡོད་པ་བཅས།།
