༢༠༡༦ ཟླ་ ༡༡ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཉིན་གི་སྔ་དྲོ་ཆུ་ཚོད་ ༢ པ་མ་ཟིན་ཙམ་ལ་རྒྱ་གར་རྒྱལ་ས་ལྡི་ལིར་ལལ་ཀི་ལ་ Lal Qila ཞེས་པའི་ས་ཁུལ་དུ་བོད་མི་སུད་ཚོང་བའི་ཁྲོམ་སར་གློག་གི་རྐྱེན་བྱས་ནས་མེ་སྐྱོན་ཚབས་ཆེ་ཕོག་སྟེ་ཁུལ་དེར་བོད་མིའི་ཁྲོམ་ས་ ༡༣༨ ཀྱི་ཚོང་ཟོག་རྣམས་ཤུལ་མེད་དུ་སོང་བའི་གྱོང་གུན་ཧིན་སྒོར་ས་ཡ་ ༡༢༠ ཙམ་གྱི་དཀའ་ངལ་གནས་སུ་ལྷུང་ཡོད་པར་བརྟེན། ཕྱི་རྒྱལ་དང་རྒྱ་གར་ནང་གནས་སྡོད་རང་རིགས་རྣམས་ཀྱིས་རང་རང་བློས་བཅད་ཀྱིས་ཞལ་འདེབས་རྒྱ་གང་ཆེ་གནང་སྐྱོང་ཡོང་བ་ཞུ་རྒྱུའི་གསལ་བསྒྲགས་སུ།
ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༨ ལ།
དངུལ་ཁང་ཨང་གྲངས༌། Bank Account Details:
Central Tibetan Relief Committee
ཕྱི་རྒྱལ་ནང༌། FC. Account No. 10551095322
རྒྱ་གར་ནང༌། Local SBI Account no. 10551095399
State Bank of India, Dharamsala
Bank Code: 0634
Bank Swift code: SBININBB2
ཟུར་བརྗོད། ཚོགས་སྡེ་ཁག་མང་པོ་ཞིག་ནས་གཅིག་ཕན་གཅིག་གྲོགསཀྱི་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་མ་བསྐུལ་དྭང་བླང་ཐོག་ཞལ་འདེབས་བསྡུ་སློང་བྱེད་མཁན་ཡོད་བཟོ་འདུག་པ་གང་ལེགས་ཀྱང༌། ཞལ་འདེབས་ཇི་བྱུང་བརྒྱུད་ལམ་གཅིག་གི་འོག་ཏུ་ཚགས་ཚུད་ཡོང་ཆེད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དབུས་བོད་མིའི་ངལ་སེལ་ཚོགས་པའི་བརྒྱུད་གནང་སྐྱོང་ཡོང་བ་ཞུ།