༢༠༡༦ ཟླ་ ༡༡ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣ ནས་ཚེས་ ༡༤ བར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་བསྩལ་གཏན་འཁེལ་བར་བོད་མིའི་སྒྲིག་འཛུགས་ངོས་ནས་ད་བར་གཟིགས་སྐྱོང་གནང་བཞིན་པའི་ཉམ་ཐག་ཨང་ཐོབ་ཁོངས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་འདོད་ཡོད་མཁན་རྣམས་ལ་ལམ་གྲོན་གཙོས་གྲ་སྒྲིག་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་སོང་དོན་བཞིན་ཁྱོན་མི་གྲངས་ ༡༠༨༡ གི་ཐོ་གཞུང་ས་གནས་ཁག་ནས་ཕུལ་འབྱོར་བྱུང་དོན།
ཕྱི་ལོ་ ༢༠༡༧།༡།༢ ནས་ ༡༥ བར་ཉིན་གྲངས་ ༡༤ རིང་གི་སྡོད་གནས་དང་ཞལ་ལག་མཐུན་འགྱུར་ཚུར་ཕུ་བླ་བྲང་ནས་གནང་རྒྱུ་ཡིན་པར་བརྟེན། ཞལ་ལག་བཟོ་མཁན་བོད་མིའི་སྒྲིག་འཛུགས་ནས་གྲ་སྒྲིག་ཞུ་དགོས་པས་གོང་གསལ་ཁྱོན་མི་གྲངས་ ༡༠༨༡ ཆེད་མ་བྱན་ཆེན་མོ་ ༥ དང་མ་བྱན་ལས་རོགས་གྲངས་ ༡༥ བཅས་ཁྱོན་མི་གྲངས་ ༢༠ གྲ་སྒྲིག་ཞུ་དགོས་ལ་སོང་བཞུགས་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༣༠ འགྱངས་མེད་འདི་གར་ནང་སྲིད་ལས་ཁུངས་སུ་ཞུ་སྙན་འབུལ་གནང་དགོས།
གཞི་རྩའི་ཆ་རྐྱེན་དང་མཐུན་རྐྱེན་ཁག་གཤམ་གསལ།
༡༽མ་བྱན་ཆེན་མོ་ལ་ཉུང་མཐར་ལོ་ ༣ རིང་མ་བྱན་ཉམས་མྱོང་ཡོད་པ། ༼རྒྱབ་རྟེན་ཡིག་ཆ་མཉམ་འབུལ་དགོས།༽
༢༽མ་བྱན་ལས་རོགས་ལ་དམིགས་བསལ་ཉམས་མྱོང་མི་དགོས་ཤིང་ལས་དོན་ཐོག་ཧུར་བརྩོན་གང་ལེགས་ཡོད་པ་དགོས།
༣༽གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ RC དེབ་ཀྱི་ངོ་བཤུས།
མཐུན་རྐྱེན།
༡༽མ་བྱན་ཆེན་མོ་དང་མ་བྱན་ལས་རོགས།
ལམ་གྲོན། སྤྱི་སྤྱོད་རླངས་འཁོར་༼ Bus༽ དཀྱུས་མ་དང་། མེ་འཁོར་ sleeper class ནང་བསྐྱོད་ན་འཐུས་རྒྱུ།
ཟུར་ཕོགས། ཡར་མར་ལམ་བསྐྱོད་རིང་ཉིན་རེར་ཟུར་ཕོགས་སྒོར་ ༢༥༠ ཐོབ་རྒྱུ།
ལས་གླ། མ་བྱན་ཆེན་མོ་ལ་ཉིན་རེར་ཧིན་སྒོར་ ༡༥༠༠ དང་མ་བྱན་ལས་རོགས་ལ་ཉིན་རེར་ཧིན་སྒོར་ ༧༥༠ ཐོབ་རྒྱུ།
སྡོད་གནས་དང་ཞལ་ལག ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ནས་ཚེས་ ༡༥ བར་སྡོད་གནས་དང་ཞལ་ལག་མཐུན་འགྱུར་ཆ་ཚང་ཡོད།
འཚང་སྙན་འབུལ་ཡུལ།
Secretary
Department of Home
Central Tibetan Administration
Gangchen Kyishong,Dharamsala-176215
Distt.Kangra,H.P.India
Email:[email protected]/[email protected] cantact :018922-22214/889440612