༢༠༡༦ ཟླ་ ༡༡ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་
སྐབས་དེར་ཆབ་སྲིད་མི་སྣ་གྲགས་ཅན་དང་ཤེས་ཡོན་ཅན། རྩོམ་པ་པོ། གསར་འགོད་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་ལྷན་འཛོམས་ཐོག ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་ཞིག་བརྙན་འཕྲིན་བརྒྱུད་ནས་ཚོགས་བཅར་བ་རྣམས་ལ་གཟིགས་འབུལ་ཞུས། དེ་ཡང་ལྷན་འཛོམས་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་བའི་ནང་། གོ་ལའི་ཁོར་ཡུག་དང་རྒྱ་གར་གྱི་འཚེ་མེད་ཞི་བའི་ལྟ་གྲུབ། དེ་བཞིན་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་ཡོང་སླད། བོད་མིའི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་དེ་ལམ་ལྷོང་ལྡན་པ་ཞིག་ཡོང་བ་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཡིན་པ་དང་།
ཁོར་ཡུག་ལ་མཚོན་ན། བོད་ནི་ཨེ་ཤི་ཡའི་རྒྱུག་ཆུ་གཙོ་གྲས་ཁག་གི་ཆུ་མགོ་ཡིན་ཞིང་། ཕྱོགས་མཚུངས་རྒྱ་གར་གྱི་སྤྱི་ཚོགས་དཔལ་ཡོན་ལ་མཚོན་ནའང་རྒྱུག་ཆུ་དེ་དག་མ་རྩ་ལྟ་བུ་ཆགས་ཡོད། སྤྱི་ཚོགས་དཔལ་ཡོན་དེ་དག་བོད་ཀྱི་རྒྱུག་ཆུ་སོགས་ལ་བརྟེན་ནས་རིམ་བཞིན་དར་འཕེལ་བྱུང་བ་ཞིག་ཡིན།
དེར་བརྟེན་རྒྱ་གར་གྱི་སྤྱི་ཚོགས་དཔལ་ཡོན་དེ་བོད་ནས་འགོ་བཙུགས་པ་ཞིག་ཆགས་ཡོད། དེ་སྔ་དང་མི་འདྲ་བར་འབྱུང་འགྱུར་འཛམ་གླིང་ནང་ཆུའི་ཐོག་ལ་དམག་ཤོར་རྒྱུ་རེད། ཅེས་ཉམས་ཞིབ་པ་མཁས་པ་ཁག་གཅིག་གིས་དེ་ལྟར་ལུང་བསྟན་གནང་བཞིན་ཡོད། རྒྱ་གར་གྱི་ཨ་སམ་མངའ་སྡེ་དང་། དེ་བཞིན་བྷང་ལ་དེ་ཤི་ཡུལ་ལྟ་བུར་མཚོན་ན་རྒྱུག་ཆུ་དེ་དག་ཐད་ཀར་བོད་ནས་ཡོང་བཞིན་ཡོད།
རྒྱ་ནག་ལ་མཚོན་ནའང་བོད་ནས་རྒྱུག་པའི་རྨ་ཆུ་དེ་ Yellow river ཁོ་པ་ཚོའི་སྤྱི་ཚོགས་དཔལ་ཡོན་དར་འཕེལ་གྱི་སྲོག་རྩ་ལྟ་བུ་ཆགས་ཡོད། དེང་སྐབས་རྒྱ་ནག་ནང་དུ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད། འོན་ཀྱང་བོད་ཀྱི་རྒྱུག་ཆུ་ཁག་གི་རྒྱུག་ས་གཤམ་འོག་བྷང་ལ་དེ་ཤི་དང་ཨ་སམ་མངའ་སྡེ་ལྟ་བུར་མཚོན་ན་འཐུང་ཆུའི་དཀའ་ངལ་དེ་བས་ཆེ་བ་འཕྲད་བཞིན་ཡོད། ཡར་ཀླུངས་གཙང་པོར་ Brahmaputra མཚོན་ན་ད་ཆ་ཆུ་ཤུགས་མྱུར་ཚད་ཆེན་པོའི་ཐོག་ནས་བྲི་བཞིན་ཡོད་སྟབས་ཆུའི་ཤུགས་ཚད་དེ་སྔ་ལས་ཧ་ཅང་ཆུང་དུ་ཕྱིན་ཡོད། གང་ཡིན་བརྗོད་ན་བོད་ཀྱི་རྒྱུག་ཆུ་དེ་དག་གི་ཐོག་རྒྱ་ནག་གཞུང་གིས་ཆུ་མཛོད་ཧ་ཅང་མང་པོ་རྒྱག་བཞིན་པས་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་དེ་ཨེ་ཤི་ཁྱོན་ཡོངས་ལ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད།
བོད་མིའི་འཐབ་རྩོད་ལམ་ལྷོང་ལྡན་པ་ཞིག་བྱུང་བ་ཡིན་ན་རྒྱ་གར་ལའང་ཁེ་ཕན་ཧ་ཅང་ཡོད། རྒྱ་གར་གནའ་རབས་ཀྱི་མཐོ་སློབ་གྲགས་ཅན་དཔལ་ནཱ་ལེནྡྲའི་གཙུག་ལག་སློབ་གྲྭའི་ལེགས་བཤད་སྨད་དུ་བྱུང་བ་དེ་དག་བོད་ཡིག་དང་བོད་སྐད་ནང་བོད་མི་ཚོས་མི་ཉམས་ རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་བཞིན་ཡོད།
༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལྟ་བུར་མཚོན་ན། ཁོང་ནི་དུས་རྟག་ཏུ་རྒྱ་གར་གྱི་འཚེ་མེད་ཞི་བ་དང་ཆོས་ལུགས་མཐུན་སྒྲིལ་གྱི་བསླབ་བྱ་དེ་དག་གཞན་ལ་གསལ་བཤད་བྱེད་མཁན་རྒྱ་གར་གྱི་བང་ཆེན་ཞིག་ཡིན་སྐོར་བཀའ་སློབ་སྩོལ་བཞིན་ཡོད། དེ་ལྟར་ན་བོད་མི་བཙན་བྱོལ་བ་རྣམས་རྒྱ་གར་དུ་སྐྱབས་བཅོལ་བའི་ངོ་བོའི་ཐོག་ནས་གནས་བཞིན་ཡོད་ཀྱང་། རྒྱ་གར་གནའ་རབས་ཀྱི་དཔལ་ན་ལེནྡྲའི་བཞེད་སྲོལ་ལྟ་བུ་སྲོལ་རྒྱུན་རིག་གནས་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་ཞབས་འདེགས་རྒྱ་མི་ཆུང་བ་ཞིག་ཞུས་དང་ཞུ་མུས་ཡིན།
སྤྱིར་ནང་ཆོས་ལ་མཚོན་ན། དུས་རབས་ ༧།༨ སྐབས་ནས་རྒྱ་གར་ནས་བོད་དུ་དར་སྤེལ་བྱུང་བ་ཞིག་རེད། དེང་སྐབས་ང་ཚོས་མང་གཙོའི་རིང་ལུགས་ཀྱི་རིན་ཐང་སྐོར་ལ་སྐད་ཅ་མང་པོ་ཤོད་བཞིན་པའི་དུས་སྐབས་ཤིག་ཡིན། བོད་མི་ཚོར་ཆ་མཚོན་ན། རྒྱ་གར་མང་གཙོའི་རིང་ལུགས་ཀྱི་རྩ་ཁྲིམས་གཞི་རྩར་བཟུང་བའི་ལྟ་གྲུབ་དེ་དག་ལས་ལེགས་བཤད་བླངས་ཏེ་བཙན་བྱོལ་བོད་མིའི་མང་གཙོའི་བཅའ་ཁྲིམས་གཏན་འབེབས་གནང་བ་ཞིག་ཆགས་ཡོད།
རྡ་སར་ཡོད་པའི་བོད་མིའི་སྒྲིག་
དེ་ཡང་ཉིན་གསུམ་གྱི་ལྷན་ཚོགས་དེར་སྲི