༢༠༡༦ ཟླ་ ༡༡ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ལྡི་ལི་གཞུང་གིས་ལྡི་ལི་ལལ་ཀི་ལར་ Lal Quila མེ་སྐྱོན་ཤོར་བའི་བོད་མི་སུད་ཚོང་བ་རྣམས་ལ་ངལ་སེལ་རོགས་དངུལ་ཧིན་སྒོར་འབུམ་ ༡༣༨ གནང་རྒྱུའི་ཞལ་བཞེས་གནང་འདུག དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཉིན་ཁུལ་དེར་མེ་སྐྱོན་ཚབས་ཆེ་ཕོག་རྐྱེན་ཁྲོམ་ས་ ༡༣༨ ཙམ་མ་ཟད། ཁྲོམ་ཟོག་འཇོག་སའི་དོས་ཁང་དང་བཅས་པ་མེས་ཚིག་ནས་ཤུལ་མེད་དུ་སོང་བར་བརྟེན། ལྡི་ལི་སྐུ་ཚབ་དོན་ཁང་གི་ལས་བྱེད་དང་། ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན། དེ་བཞིན་བརྒྱ་དཔོན་བཅས་ཀྱིས་ལྡི་ལའི་སྲིད་གཞུང་ལ་ངལ་སེལ་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༣ ཉིན་ལྡི་ལི་སྲིད་གཞུང་གིས་མེ་སྐྱོན་ཤོར་བའི་བོད་མི་ཁྱིམ་ཚང་ ༡༣༨ རྣམས་ལ་ཛ་དྲག་ངལ་སེལ་རོགས་དངུལ་ཧིན་སྐོར་འབུམ་ ༡༣༨ གནང་རྒྱུའི་ཆོག་མཆན་གནང་འདུག
དེར་བརྟེན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ལྡི་ལིའི་མངའ་སྡེའི་གཞུང་ལ་གོད་ཆག་ཕོག་པའི་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་བཀའ་དྲིན་ཆེ་ཞུས་འདུག ངལ་སེལ་རོགས་དངུལ་དེ་དག་མངའ་སྡེའི་གོད་ཆག་སྲུང་སྐྱོབ་ཚན་པ་ State Disaster Management Authority ནས་གནང་ཡོད་འདུག བོད་པའི་ཁྱིམ་ཚང་རེ་རེར་ཧིན་སྒོར་འབུམ་རེ་ཐོབ་རྒྱུ་ཡིན་འདུག