༢༠༡༦ ཟླ་ ༡༡ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་སྤོག་ར་གློ་སྒྲིག་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ཚོགས་མི་རྣམས་ཀྱི་ལས་འཁུར་དམ་འབུལ་ཡོང་བའི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ པའི་ནང་གསེས་ ༡ ཆ་རྐྱེན་འོག་བལ་ཡུལ་སྤོག་ར་བཀྲིས་གླིང་གི་ས་གནས་འགོ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༠༨ ཉིན་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ས་གནས་འཐུས་ཚོགས་སྐབས་ ༩ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༥ དང་། ཚོགས་གཙོ་ཚོགས་གཞོན་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་དང་། བལ་ཡུལ་སྤོག་ར་གློ་སྒྲིག་ས་འཐུས་སྐབས་ ༩ པའི་ཚོགས་གཙོ་བྱམས་པ་ཐུབ་བསྟན་ལགས་དང་། ཚོགས་གཞོན་དངོས་སྒྲུབ་ཚེ་རིང་ལགས་གཉིས་འདེམས་ཐོན་བྱུང་འདུག་པ་བཅས།།