༢༠༡༦ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་ལྷན་ཚོགས་ཐེངས་ ༦ དེ་བཞིན་ཕྱི་ ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༦ ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཚོགས་ཁང་དུ་ཚོགས་འདུ་ལྷན་འཛོམས་བྱུང་ཡོད། སྐབས་དེར་བཀའ་བསྡུར་བྱུང་བའི་གནད་དོན་གལ་ཆེ་ཁག་གཅིག་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དཔལ་ལྡན་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་འདི་གའི་གསར་འགོད་པར་དེ་རིང་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་གསལ་བཤད་གནང་དོན།
ཁ་སང་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༦ སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཚོགས་འདུ་ཚོགས་པ་རེད། དེ་ཉིན་གྱི་ཉིན་སྔ་མ་དེར་བཀའ་ཤག་ནང་ལའང་བཀའ་བསྡུར་ཞིབ་ཕྲ་གནང་བ་རེད། ཁ་སང་ཚོགས་འདུའི་སྐབས་ལ་གྲོས་གཞི་མང་པོ་ཞིག་ཟུར་དུ་ཡོད་ནའང་དེ་རིང་ཛ་དྲག་གི་གནས་ཚུལ་མཐོང་ནས་དེའི་ཐོག་བཀའ་བསྡུར་གནང་བ་རེད།
སྤྱིར་རྒྱ་གར་ནང་གློ་བུར་དུ་དངུལ་ལོར་རྙིང་པ་རྣམས་ཡར་བསྡུ་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། ཆོས་ཞུ་བ་ཚང་མ་ལའང་བརྡབ་གསིག་དང་དཀའ་ངལ་འཕྲད་བཞིན་ཡོད། ལྷག་པར་བོད་ནས་ཕེབས་མཁན་གྱི་ཆོས་ཞུ་བ་རྣམས་ལ་དམིགས་བསལ་གྱི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་པ་གསལ་པོ་ཆགས་ཡོད།
དཔེར་ན། ད་ལྟ་རྡ་རམ་ས་ལའི་ཁུལ་དུ་བོད་མི་མང་པོ་ཞིག་འབྱོར་ནས་དཀའ་ངལ་མང་པོ་འཕྲད་བཞིན་ཡོད། དེར་བརྟེན་གཙོ་བོ་དེའི་ཐོག་བཀའ་བསྡུར་དང་གནང་ཕྱོགས་དོན་ཚན་གསུམ་ཙམ་བྱུང་པ་རེད།
དང་པོ། དུས་འཁོར་དབང་ཆེན་ལ་ཕེབས་མཁན་རྡ་རམ་ས་ལ་ལ་འབྱོར་ཏེ། དངུལ་བརྗེ་ལེན་གྱི་དཀའ་ངལ་ལ་བརྟེན་ནས་བཞུགས་ས་དང་། ཉིན་རེའི་གསོལ་ཆས་བཅས་ཀྱི་ཐོག་དཀའ་ངལ་འཕྲད་པ་ཡིན་ན་སྣེ་ལེན་ཁང་ལ་བཞུགས་རྒྱུའི་གྲ་སྒྲིག་དང་། སྣེ་ལེན་ཁང་ནས་བདག་བཞེས་གནང་སྟེ་དཀའ་ངལ་སེལ་ཐབས་གནང་དགོས་རྒྱུ། དེ་དང་མཉམ་དུ་སྣེ་ལེན་ཁང་དུ་སྡོད་རྒྱུ་ཙམ་མ་ཟད་རིམ་པས་དུས་འཁོར་དབང་ཆེན་ལ་ཆོས་ཞུ་བར་འགྲོ་རྒྱུ་ཡིན་སྟབས། དངུལ་བརྗེ་སྒྱུར་ཐོག་དཀའ་ངལ་གང་ཡོད་པ་རྣམས་སྣེ་ལེན་ཁང་གཙོ་བོར་གྱུར་བའི་རྡ་རམ་ས་ལ་ས་གནས་འགོ་འཛིན་བརྒྱུད་ནས་འབྲེལ་ཡོད་དབུས་ལས་ཁུངས་ཁག་ཆགས་ཀྱི་ཡོད་ནའང་འདྲ། གང་ལྟར་དཀའ་ངལ་སེལ་ཐབས་གང་ཡོད་པ་རྣམས་བྱེད་དགོས་རེད། ཅེས་ཚང་མར་ནང་ཁུལ་བཀོད་མངགས་ཕྱིན་ཡོད། དེ་དག་དམ་དོན་བྱས་ནས་དཀའ་ངལ་སེལ་ཐབས་གནང་དགོས་པའི་དོན་ཚན་གཅིག་བཀའ་བསྡུར་བྱུང་ཡོད།
དོན་ཚན་གཉིས་པ་དེ་ཕྱི་ནས་ལྷག་པར
དེ་དང་ལྷན་དུ་དུས་དབང་སྐབས་དངུལ
དུས་དབང་གོ་སྒྲིག་ཚོགས་ཆུང་གི་འབྲེལ་གཏུག་ཁ་བྱང་།
ཚོགས་ཆུང་གི་མགྲིན་ཚབ་པ།