༢༠༡༦ ཟླ་ ༡༡ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༧ ནས་ ༣༠ བར་རྒྱ་གར་རྒྱལ་ས་ལྡི་ལི་བརྒྱུད་ཁེ་ན་ཌ་དང་ཨ་རི། དེ་བཞིན་འཇར་མ་ནི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག དེ་ཡང་ཐོག་མར་ཁེ་ན་ཌའི་གྲོང་འཁྱེར་ Halifax ནང་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ཞེས་པའི་ལྷན་ཚོགས་ཐེངས་བརྒྱད་པར་ 8th Halifax International Security Forum གདན་འབོད་ལྟར་མཉམ་ཞུགས་དང་གསུང་བཤད་གནང་རྒྱུ། དེ་བཞིན་ Toronto དང་ Ottawa གཉིས་སུ་རང་རིགས་མང་ཚོགས་ལ་གསུང་བཤད་དང་གནད་ཡོད་མི་སྣ་མཇལ་འཕྲདགནང་རྗེས་ཨ་རི་ནིའུ་ཡོག་ཏུ་བོད་རིགས་རྣམས་ལ་གསུང་བཤད་དང་གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་ཡིན་འདུག ནིའུ་ཡོག་ནས་འཇར་མར་དུ་དུ་ཕེབས་ཏེ་ཁུལ་དེར་ Schwarz – Schilling – Foundation ཚོགས་འདུར་ཕེབས་རྒྱུ་མ་ཟད། བོད་རིགས་མང་ཚོགས་རྣམས་ལ་གསུང་བཤད་དང་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་བསྟུན། ཕེརངྐ་ཕརཊ་ནས་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་ཐོན་གྱིས་གནས་མཆོག་རྡོ་རྗེ་གདན་དུ་ Bodh Gaya དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་ལས་དོན་བཅས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བའི་མཛད་འཆརདང་ཟླ་འདིའི་ཕྱི་ཚེས་ ༣༠ ཉིན་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།