༢༠༡༦ ཟླ་ ༡༡ ཚེས་ ༨ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་རྣམ་གཉིས་ཀྱིས། རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་གཞུང་གི་འགྲོ་བ་མིའི་ནུས་ཤུགས་གོང་སྤེལ་ལྷན་ཁང་གི་བློན་ཆེན་སྐུ་ཞབས་པྲ་ཀཱཤ་ཇ་ཝེ་དེ་ཀར་Shri Prakash Javadekar མཆོག་དང་མཇལ་འཕྲད་གནང་ནས། ལྷག་བསྡད་སློབ་གྲྭ་ཁག་ ༡༤ དབུས་བོད་སློབ་འཛིན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་བཞེས་ཐོག་བཀའ་བསྡུར་གནང་འདུག དེ་ཡང་བློན་ཆེན་མཆོག་གིས་གནད་དོན་དེའི་ཐད་འབྱུང་འགྱུར་གཟའ་འཁོར་གཅིག་ནང་ཚུད་བཟང་ཕྱོགས་ཀྱི་ལན་འདེབས་ཤིག་གནང་རྒྱུའི་ཞལ་བཞེས་གནང་ཡོད།