༢༠༡༦ ཟླ་ ༡༡ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ལ་བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༡༥ པའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། ཚོགས་ཆེན་དེ་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༡ ནས་ ༡༣ བར་ཀོ་ལོ་རེ་ཌོ་Colorado མངའ་སྡེའི་རྒྱལ་ས་བྷོལ་ཌར་ Boulder ནང་ཚོགས་གཏན་འཁེལ་འདུག
ཚོགས་ཆེན་གྲུབ་བསྟུན་བཀའ་བློན་མཆོག་གིས་ཨ་རིའི་མངའ་སྡེ་ཁག་གཅིག་ནང་དཔྱ་ཁྲལ་ལག་དེབ་སྐོར་གོ་རྟོགས་སྤེལ་རྒྱུའི་ཟབ་སྦྱོང་ནང་ལམ་སྟོན་གནང་རྒྱུ་དང་། ཐེངས་འདིར་བཀའ་བློན་མཆོག་ཨ་རིའི་མངའ་སྡེ་ཀོ་ལོ་རེ་ཌོ་དང་། སལ་ལེག་གྲོང་ཁྱེར། Salt Lake City ཤི་ཁ་གོ། Chicago མེ་ཌི་སོན། Madison མིན་ནེ་སོ་ཊ། Minnesota བྷོ་སི་ཊོན། Boston ནིའུ་ཡོག New York སོགས་ནང་ཕེབས་རྒྱུ་ཡིན་འདུག དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་བདེ་ཆེན་མཚོ་མོ་ལགས་ལྷན་བཅར་ཞུས་འདུག་པ་བཅས།།