༢༠༡༦ ཟླ་ ༡༡ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་དགའ་ལྡན་ཐེག་ཆེན་གླིང་ནས་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཁུལ་དེར་གོང་ཚེས་ཉིན་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་རྒྱུ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། ཕྱི་ཚེས་ ༢༠ ཉིན་སོག་པོའི་དད་ལྡན་མི་མང་རྣམས་ལ་བླང་དོར་བཀའ་སློབ་བསྩལ་རྒྱུ་ཡིན་འདུག །