༢༠༡༦ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༦ ཉིན་ཨ་རི་སྐུ་ཚབ་དོན་གཅོད་སྤེན་ པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ ཚོགས་ཀྱི་འཐུས་མི་སྐུ་ཞབས་ཇིམ་མེག་གོ་ཝན་མཆོག Jim McGovern གི་ལས་ཁུངས་སུ་བཅར་ཏེ་ འཚམས་འདྲི་ཞུས་པ་དང་འབྲེལ་ཁོང་ གིས་ཡུན་རིང་བོད་དོན་ཐོག་རྒྱབ་ སྐྱོར་ཤུགས་ཆེ་གནང་བ་མ་ཟད། བོད་དོན་སྐོར་རྒྱལ་ནང་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་གླེང་སློང་ཡང་ཡང་ གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག འབྱུང་འགྱུར་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ གནང་སྐྱོང་ཡོང་བའི་རེ་སྐུལ་ཡང་ཞུས་པར། སྐུ་ཞབས་ཇིམ་མེག་གོ་ཝན་མཆོག་ནས་སྐབས་དེར་དྲང་བདེན་ལ་རྒྱབ་སྐྱོ ར་བྱེད་རྒྱུ་ནི་ཁོང་གི་ལས་འགན་ ཡིན་པས་འབྱུང་འགྱུར་ཡང་བོད་དོན་དང་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་དམ་ བཅའ་བརྟན་པོ་ཡོད་ཅེས་གསུངས།
སྐབས་དེར་རྒྱལ་སྤྱིའི་བོད་ དོན་ལས་འགུལ་ཁང་གི་འགན་འཛིན་ Ma tteo Mecacci ལགས་དང་། འགན་འཛིན་གཞོན་པ་བུ་ཆུང་ཚེ་རི ང་ལགས། སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རི གས་འབྲེལ་མཐུད་པ་དྲུང་འཕར་ཀུན་ དགའ་བཀྲ་ཤིས་ལགས། དོན་གཅོད་ཀྱི་ཕྱག་རོགས་བསྟན་ འཛིན་དབྱིག་གཉེན་ལགས། བསྟན་འཛིན་བདེ་ཆེན་ལགས་བཅས་ཀྱང་མཉམ་དུ་ བཅར་ཡོད་སྟབས། སྐུ་ཚབ་དོན་གཅོད་མཆོག་ནས་སྐུ་ཞབས་ཇིམ་མཆོག་ལ་དོན་ཁང་གི་ལས་བྱེད་རེ་རེ་བཞིན་ ངོ་སྤྲོད་ཞུས་འདུག
ཕྱོགས་མཚུངས་ཕྱི་ཚེས་ ༨ ཉིན་ཨ་རི འི་གྲོང་ཁྱེར་ནིའུ་ཡོག་ནང་ནིའུ་ཡོག་དང་ནིའུ་འཇར་སི་ས་ གནས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག བྱང་ ཨ་རིའི་ཁུལ་གྱི་བོད་ཀྱི་བུད་མེ ད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ ཐབས་ཀྱི་དུས་ཡུན་ཉིན་གཉིས་ཀྱི་ ཟབ་སྦྱོང་ཚོགས་ཡོད། སྐབས་དེར་སྐུ་མགྲོན་གཙོ་བོ ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་ ནས་བོད་པའི་བུད་མེད་ ཀྱི་ནུས་སྟོབས་གོང་འཕེལ་གཏོང་ ཐབས་སྐོར་གསུང་བཤད་ གནང་ཡོད་པ་བཅས།།