༢༠༡༦ ཟླ་ ༩ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༨ རེས་གཟའ་ལྷག་པ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༡༥ ཙམ་ལ་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པའི་སྟེང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤན་ཏ་ཀུ་མཱར་ Shanta Kumar མཆོག་དང་ཁོང་གི་ཕྱག་རོགས་ལས་བྱེད་ཁག་གཅིག་བཅས་ཟུར་ཉན་དུ་ཕེབས་ཡོད་སྟབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་ནང་ཁོང་རྣམ་པ་ངོ་སྤྲོད་གནང་བར་ཚང་མས་སྐུ་བཞེངས་ཏེ་དགའ་བསུ་ཞུས་ཡོད། །