༢༠༡༦ ཟླ་ ༩ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་ཉིན་མོ་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན། སྲིད་སྐྱོང་གཟེངས་རྟགས་ཆེད་རིགས་གཅིག་རྐང་འཛིན་པ་སློབ་མ་ལྔ་དང་། འདི་ལོའི་འཛིན་རིམ་ ༡༢ ཀྱི་རྒྱལ་ཡོངས་མཐའ་མའི་རྒྱུགས་སྤྲོད་ནང་ཕྱོགས་བསྡོམས་བརྒྱ་ཆ་ ༩༥ ཡན་ལོན་མཁན་སློབ་མ་གཉིས་ལ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཀྱིས་སྲིད་སྐྱོང་གཟེངས་རྟགས་དང་སྲིད་སྐྱོང་གཟེངས་བསྟོད་ཕྱག་ཁྱེར་གནང་ཡོད།
སྲིད་སྐྱོང་གཟེངས་རྟགས་དང་སྲིད་སྐྱོང་གཟེངས་བསྟོད་ཕྱག་ཁྱེར་བཞེས་མཁན་གྱི་མཚན་དང་ངོ་སྤྲོད་སྙིང་བསྡུས།
ཀ༽ སྲིད་སྐྱོང་གཟེངས་རྟགས་ཆེད་རིགས་གཅིག་རྐང་འཛིན་པ་སློབ་མ་ལྔ་ནི།
༡། བསྟན་འཛིན་ནམ་མཁའ་ལགས་ནི་གཞི་རིམ་སློབ་གྲྭ་སྦེལ་ཀོབ་གཏན་སློབ་ནས་ཐོན་རྗེས། སྦེང་ལོར་ St Joseph མཐོ་སློབ་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། དེ་བཞིན་སྦེང་ལོར Christ University གཙུག་ལག་རབ་འབྱམས་པ་ཐོན། Ph.D Theses: དཔྱད་ཞིབ། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གནས་སྤོས་བྱེད་མཁན་ཁྱིམ་ཚང་ཐོག་དངུལ་བསྐུར་གཏོང་བྱེད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་ལ་ཤུགས་རྐྱེན་ཇི་བྱུང་ཐད་དཔྱད་ཞིབ།”A Study on Socio-Economic Impact of Remittance on Forward Migrants Household of Tibetan Refugees in India”
༢། བདེ་ཆེན་རྡོ་རྗེ་ལགས་ནི་གཞི་རིམ་སློབ་གྲྭ་ཨོ་རི་ས་གཏན་སློབ་ནས་ཐོན་ཞིང་། ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང༌ནས་སློབ་སྦྱོང་ཐོན་རྗེས། ད་ལྟ་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སྐུ་མགྲོན་སློབ་དཔོན་ཚུལ་དུ་ཕྱག་ལས་གནང་མུས། Ph.D Theses: དཔྱད་ཞིབ། བོད་ཀྱི་བརྡ་སྤྲོད་རིག་པའི་ཡིག་ཆ་དག་དང་ནང་དོན་རིག་པའི་ཚད་གཞུང་དག་ལ་གཞི་བཅོལ་ཏེ༌། བོད་སྐད་ཀྱི་བརྗོད་པའི་རྣམ་གཞག་སྟོན་པའི་རིག་པ་ལ་དཔྱད་པ། “Analytical Study of Tibetan Syntax”
༣།རིག་འཛིན་རྡོ་རྗེ་ལགས་ནི། གཞི་རིམ་སློབ་གྲྭ་ལ་དྭགས་དང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་སློབ་ཐོན་རྗེས། མཱ་རྡ་ར་སི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་མཐོ་སློབ་ཐར་སོན། ད་ལྟ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་
ཞིབ་པའི་ཕྱག་ལས་གནང་མུས་ཡིན། Ph.D Theses: དཔྱད་ཞིབ། བཙན་བྱོལ་བོད་གཞུང་གི་སྲིད་དོན་དང་འཛིན་སྐྱོང་གི་ནུས་པའི་ཐོག་ཆབ་སྲིད་རིག་པས་དཔྱད་པ། “Politics and Administration of Tibetan Government -in -Exile: A political Analysis in Perspective of Efficiency- (Political Science- Politics & Public Administration)”
༤། བྱམས་པ་ཚོས་འཕེལ་ལགས་ནི། མཐོ་སློབ། ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང༌ནས་བསླབ་པ་ཐར་སོན་ཞིང། ད་ལྟ་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་དཔོན་ལས་རོགས་ཐོག་ཕྱག་ལས་གནང་མུས་ཡིན། Ph.D Theses: དཔྱད་ཞིབ། དཔལ་དུས་ཀྱི་འཁོར་ལོའི་དགོངས་དོན་ཉི་མ་དང་འཛམ་གླིང་གཉིས་ཀྱི་འཁོར་གཞི་ལ་ས་རིས་ཀྱིས་ལམ་ནས་དཔྱད་པ་མུ་ཏིག་ཕྲེང་མཛེས།”Research on Analyzing the Geocentric and Heliocentric Model as per Kalachakra tradition”
༥། བསྟན་འཛིན་བདེ་གསལ་ལགས་ནི། ལ་དྭགས་དང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་གཞི་རིམ་སློབ་གྲྭ་ཐོན་རྗེས། མེ་སོར་གཙུག་ལག་སློབ་གྲྭ་ཆེན་མོ་ནས་མཐོ་སློབ་ཐོན་ཞིང། ད་ལྟ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་ཞིབ་པའི་ཕྱག་ལས་བྱེད་གནང་མུས་ཡིན། Ph.D Theses: དཔྱད་ཞིབ། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞི་ཆགས་ཁག་གི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་གསར་སྐྱེས་གྲངས་ཚད་ཀྱི་གནས་འབབ་སྐོར་དང༌། གནས་ཡུལ་སྤོ་བཤུད་བྱས་པའི་ཤུགས་རྐྱེན། “Socio-Economic and Fertility Status of Tibetan Communities in South India and Impacts of Migration”
ཁ༽ སྲིད་སྐྱོང་གཟེངས་བསྟོད་ཕྱག་ཁྱེར་བཞེས་མཁན་གྱི་མཚན་དང་ངོ་སྤྲོད་སྙིང་བསྡུས།
༡། རྒྱ་གར་ཧེ་ད་ར་བ་དི་ Narayan Junior College Hyderabad ཞེས་པའི་སློབ་གྲྭའི་སློབ་མ་བསྟན་འཛིན་རྡོ་རྗེ་ལགས། བརྒྱ་ཆ། ༩༦་༧༩ ལོན་ཡོད་པ་དང་། ད་ལྟ་སྦེང་ལོར་ཇེན་མཐོ་སློབ་ Jain
University ཁང་དུ་གནམ་གྲུ་བཟོ་བསྐྲུན་རིག་གནས་ Studying Aerospace Engineering ཐོག་སློབ་སྦྱོང་གནང་བཞིན་ཡོད།
༢། རྒྱ་གར་བྱང་ཕྱོགས་མ་སུ་རིའི་ཝེན་བྷག་ཨེ་ལེན་ Wynberg- Allen School སློབ་གྲྭའི་སློབ་མ་ཚེ་རིང་སྙན་གྲགས་བླ་མ་ལགས། བརྒྱ་ཆ། ༩༦ ལོན་ཡོད་པ་དང་། ད་ལྟ་མ་ནི་པལ་མཐོ་སློབ་Manipal University ཏུ་སྨན་པའི་ MBBS སློབ་སྦྱོང་བྱེད་མུས་ཡིན་འདུག །