ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༧ རེས་གཟའ་ལྷག་པ།
སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་སྐབས་ ༢༡ དང་རྩིས་སློབ་སྐབས་ ༡༡ བའི་སློབ་ཕྲུག་གསར་བསྡུའི་གསལ་བསྒྲགས།
༄༅། །ཕྱི་ལོ་ ༢༠༡༧ ནང་སྨན་རྩིས་མཐོ་སློབ་ཁང་དུ་སྨན་སློབ་སྐབས་ ༢༡ དང་རྩིས་སློབ་སྐབས་ ༡༡ པ་གསར་བསྡུ་བྱ་རྒྱུ་ཡིན་ན། བོད་ཀྱི་གསོ་རྩིས་གཉིས་ལ་སློབ་གཉེར་གནང་འདོད་ཡོད་པ་ཀུན་གྱིས་གཤམ་གསལ་དོན་གནད་ཁག་ལ་ཐུགས་སྣང་ཡོང་བ་ཞུ།
སྨན་སློབ་ས་མིག་དང་སློབ་མའི་གྲངས་ཚད།
སྨན་སློབ་སྐབས་ ༢༡ ཁོངས་སུ་སྨན་སློབ་གྲངས་ ༣༣ བསྡུ་རྒྱུའི་ཐད། དགོས་གལ་དབང་གིས་གཤམ་གསལ་ལྟར་ས་མིག་ཆ་བགོས་བྱས་པ་ཡིན།
ཀ) གཏན་སློབ་ཁོངས་བུའི་ས་མིག ……………………………………………………………༡༠
ཁ) གཏན་སློབ་ཁོངས་བུ་མོའི་ས་མིག………………………………………..…………………༡༠
ག) ཧི་མ་ལ་ཡའི་རི་བརྒྱུད་ལ་ས་མིག…………….…………………………………………………༢
ང) སྨན་རྩིས་ཁང་གི་ལས་བྱེད་པའི་བུ་ཕྲུག་ལ་ས་མིག…………….…………………………༢
ཅ) བོད་ནས་གསར་དུ་འབྱོར་བ་གྲངས། ………….……………………………………………༢
ཆ) བཙུན་མ་གྲངས། …………….…………………………………….……………………….……༡
ཇ) དགེ་འདུན་གྲངས། ……………………………………………………………………………………༡
ཉ) ཕྱི་རྒྱལ་མི་རིགས་ལ་ས་མིག………………………………………………….……………………༡
ཏ) ཨུ་རུ་སུ། སོག་པོ་དང་ CIS མི་རིགས་ལ་ས་མིག………….…………………………༢
༼གྲྭ་བཙུན་རྣམས་ཁུངས་སོ་སོ་ནས་བཞི་ལྔ་ཚུད་ཡོད་ཚེ་ས་མིག་རེར་སྤར་ཆ་བྱ་རྒྱུ།༽
རྩིས་སློབ་ས་མིག་དང་སློབ་མའི་གྲངས་ཚད།
རྩིས་སློབ་སྐབས་ ༡༡ ཁོངས་སུ་རྩིས་སློབ་གྲངས་ ༢༠ བསྡུ་རྒྱུའི་ཐད། དགོས་གལ་དབང་གིས་གཤམ་གསལ་ལྟར་ས་མིག་ཆ་བགོས་བྱས་པ་ཡིན།
ཀ) གཏན་སློབ་ཁོངས་ཕོ་མོ་ཁྱད་མེད་ས་མིག……………………………………………༡༢
ཁ) ཧི་མ་ལ་ཡའི་རི་བརྒྱུད་ལ་ས་མིག ……………………………………….…………………༡
ག) སྨན་རྩིས་ཁང་གི་ལས་བྱེད་པའི་བུ་ཕྲུག་ལ་ས་མིག …………….………….………༡
ང) བོད་ནས་གསར་དུ་འབྱོར་བ་གྲངས། ……………………………………….………………༡
ཅ) བཙུན་མ་གྲངས། …………….………………………………………………………………………༡
ཆ) དགེ་འདུན་གྲངས། …………….…………………………….……………………………………༡
ཇ) ཕྱི་རྒྱལ་མི་རིགས་ལ་ས་མིག ………………………………………………………………………༡
ཉ) ཨུ་རུ་སུ། སོག་པོ་དང་ CIS མི་རིགས་ལ་ས་མིག ………………………………………༢
ཡིག་རྒྱུགས་རིམ་པ་དང་པོའི་བརྒྱ་ཆའི་ཐོབ། ༡༠༠
༡) སུམ་རྟགས་ལ་ཐོབ།……………………………………………….………………………༢༠%
༢) སྤྱིའི་ཤེས་བྱ་ལ་ཐོབ།…………….…………………………………………………………༢༠%
༣) རྩོམ་ཡིག་ལ་ཐོབ།…………………………………………………….……………………༢༠%
༤) དབྱིན་ཡིག་ལ་ཐོབ།…………….…………………………………………………………༢༠%
༥) དྲི་བ་དྲིས་ལན་ལ་ཐོབ།…………….……………………………………………………༢༠%
༦) སྨན་སློབ་ལ་ཚན་རིག Biology (PCB) …………….………………༥%
༧) རྩིས་སློབ་ལ་ཚན་རིག Maths (PCM) …………….……………………༥%
ཡིག་རྒྱུགས་རིམ་པ་གཉིས་པའི་བརྒྱ་ཆའི་ཐོབ། ༥༠
༡) བློར་འཛིན་ཐོབ།……………….……….……….…………..…….………………………༢༥%
༢) གཏམ་བཤད་ཐོབ།…………….….……….……….……….……….……….……….༢༥%
བོད་ཕྲུག་རྣམས་ལ་སློབ་འཇུག་གི་དགོས་ངེས་ཆ་རྐྱེན།
ཀ) དོ་བདག་ནས་བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དང་བླངས་དཔྱ་ཁྲལ་དུས་ཐོག་ཕུལ་ཡོད་པའི་ས་གནས་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར་ངོས་སྦྱོར་དགོས།
ཁ) བུ་ལོན་སྒྲུབ་འཇལ་དགོས་པའི་རྙོག་གླེང་དང། བོད་ཀྱི་རྩ་དོན་ལ་གནོད་གཞིའི་བྱ་སྤྱོད་རིགས་སྤེལ་མྱོང་མེད་པའི་ས་གནས་འགོ་འཛིན་དང། ས་གནས་འགོ་འཛིན་མེད་སར་ས་གནས་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར།
ག) རང་ལོ་ཉེར་ལྔ་ལས་མ་བརྒལ་བ།
ང) གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ (R.C.) ཡོད་པ།
ཅ) རང་ཉིད་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པ་ཚད་ལྡན་གྱི་ངོས་སྦྱོར་དགོས་པ་དང།
ཆ) རིག་འཚོ་མ་ཟིན་པ་དང། དབང་པོ་དང་ཡན་ལག་སྐྱོན་ཅན་མ་ཡིན་པ།
ཇ) ༡) དམའ་མཐར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་དང། ༢) སློབ་གྲྭ་གང་ནས་ཐོན་པའི་ངོས་སྦྱོར། ༣) རྒྱུགས་འབྲས་ཐོབ་ཁྲ། ༤) སྤྱོད་ལམ་གྱི་ལག་འཁྱེར་དང་། ༥) འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གཏོང་བཞིན་པ་རྣམས་ལ་གོང་འཁོད་ལག་འཁྱེར་རྣམས་ཡིག་རྒྱུགས་གྲུབ་འབྲས་ཐོན་རྗེས་འབུལ་འཐུས་ཆོག་ཀྱང་སློབ་གྲྭ་སོ་སོའི་ངོས་སྦྱོར་རེ་འདི་གར་ངེས་པར་ཡོད་དགོས། ༦) ལག་འཁྱེར་ཡོད་མེད་ལ་མ་བལྟོས་པར་རང་ཉིད་ཀྱི་ཉེ་དུས་ཀྱི་ཕྱེད་པར་གཉིས་འབུལ་དགོས། ༧) སྨན་རྩིས་ལས་བྱེད་པའི་བུ་ཕྲུག་རྣམས་ལས་བྱེད་ཀྱི་བུ་ཕྲུག་ཡིན་པའི་འཛིན་སྐྱོང་ནས་ངོས་འབྱོར་དགོས།
༼གོང་འཁོད་ཡིག་ཆ་རྣམས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡ དང་༢ གང་རུང་དུ་ངོ་མ་ངེས་པར་དུ་འཁྱེར་ཡོང་དགོས།༽
ཉ) གསར་ཞུགས་སློབ་མ་གང་ཞིག་ཉམ་ཐག་ཡིན་ཚེ། བོད་མིའི་སྒྲིག་འཛུགས་ནང་ཤེས་འཕྲོད་གསུམ་གྱི་དབུས་ཉམ་ཐག་ཚོགས་ཆུང་གི་ཐོ་འགོད་ནང་གསལ་བཞིན་ཉམ་ཐག་དངོས་འབྲེལ་ཡིན་པའི་ནང་ཤེས་འཕྲོད་གསུམ་ནས་རྒྱབ་གཉེར་ངོས་སྦྱོར་ངེས་པར་དུ་ཡོད་དགོས།
ཏ) བོད་ནས་གསར་དུ་འབྱོར་བའི་སློབ་མ་གང་ཞིག་གཞི་རིམ་སློབ་གྲྭར་གོ་སྐབས་མ་འཐོབ་པ་དང་། ད་ལྟ་གཞི་རིམ་སློབ་གྲྭའི་ཁོངས་མ་ཡིན་ཚེ་སྣེ་ལེན་ཁང་གི་འབྱོར་ཚེས་འཁོད་པའི་ངོས་སྦྱོར་ངེས་པར་དགོས།
ཧི་མ་ལ་ཡའི་རི་བརྒྱུད་དང་ཕྱི་རྒྱལ་མི་རིགས་རྣམས་ལ་སློབ་འཇུག་གི་དགོས་ངེས་ཆ་རྐྱེན།
ཀ) བོད་ཀྱི་སྨན་རྩིས་རིག་པར་སློབ་གཉེར་བྱ་འདུན་མཆིས་པའི་ཕྱི་རྒྱལ་བ་དང་ཧི་མ་ལ་ཡའི་རི་བརྒྱུད་ཁོངས་ཀྱི་སློབ་མ་རྣམས་ལ་དམའ་མཐར་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་ངེས་པར་དགོས།
ཁ) བོད་ཀྱི་སྐད་ཡིག་འབྲི་ཀློག་ཤེས་དགོས་པ་མ་ཟད་སློབ་ཕྲུག་སྤྱི་མཚུངས་ལྟར་ཚུད་རྒྱུགས་ངེས་པར་གཏོང་དགོས།
ག) ཕྱི་རྒྱལ་བ་ཡིན་ཚེ་རང་ཉིད་གནས་ཡུལ་གྱི་རྒྱལ་ཁབ་དེའི་ནང་ངམ། ཉེ་འཁོར་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཡོད་ན་དང། དེ་མིན་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་རུང་གི་རྒྱབ་གཉེར་ངོས་སྦྱོར་དགོས།
ང) རྒྱ་གར་དུ་ལོ་བདུན་སློབ་སྦྱོང་བྱ་ཆོག་པའི་སློབ་གཉེར་མཐོང་མཆན་ (Student Visa) ངེས་པར་དུ་ཡོད་དགོས་པ་དང། དུས་ཚོད་འཕར་འགྱངས་བྱ་རྒྱུ་སོགས་དོ་བདག་སོ་སོས་འགན་ལེན་བྱེད་དགོས་པ་ལས་མཐོ་སློབ་ནས་འགན་ལེན་ཞུ་རྒྱུ་མིན།
ཅ) ཧི་མ་ལ་ཡ་རི་བརྒྱུད་ཁོངས་ཡིན་པ་རྣམས་ལ་རང་ཉིད་གནས་ཡུལ་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱིས་དགག་བྱ་མེད་པའི་རྒྱབ་གཉེར་ཡིག་དཔང་ཚད་ལྡན་དགོས་པའི་ཐོག་འོས་འཕེན་ལག་འཁྱེར་ (Voting Card) ངོ་མ་ངེས་པར་དུ་དགོས།
ཆ) ཧི་མ་ལ་ཡའི་རི་བརྒྱུད་དང་ཕྱི་རྒྱལ་མི་རིགས་རྣམས་ཀྱི་སློབ་ཡོན་སོགས་དོ་བདག་ནས་དུས་ཐོག་འབུལ་དགོས།
ཇ) ཧི་མ་ལ་ཡའི་རི་བརྒྱུད་ཁོངས་ལ་དྭགས་པ་རྣམས་ལ་ད་ལྟ་གསོ་རིག་སློབ་གཉེར་ཚད་ལྡན་ཡོད་པར་བརྟེན་འདི་ལོ་རྒྱས་བཅད་ཀྱི་ས་མིག་མེད།
འཛུལ་རྒྱུགས་འགེངས་ཤོག་འབྱོར་ཚེས་མཐའ་མ།
༡། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༠ ནས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༠ བར་འཛུལ་རྒྱུགས་འགེངས་ཤོག་བསྡུ་ལེན་བྱ་རྒྱུ་དང་། དེ་ལས་བརྒལ་ཚེ་ངོས་ལེན་ཞུ་རྒྱུ་མིན།
༢། འཛུལ་རྒྱུགས་གཏོང་འདོད་ཡོད་པ་རྣམས་ནས་འགེངས་ཤོག་རྡ་ས་དབུས་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་བཞེས་རྒྱུའམ། ཡང་ན་སྨན་རྩིས་ཁང་གི་དྲ་རྒྱ་ (www.men-tsee-khang.org) ནས་ཕབ་བཤུས་གནང་དགོས་པ་དང་། འགེངས་ཤོག་གི་ནང་དོན་འཚེམས་ལུས་མེད་པར་བཀང་སྟེ་གོང་གསལ་དུས་བཀག་ནང་ཚུན་མཐོ་སློབ་དྲུང་ཡིག་སར་འབྱོར་ཐུབ་པ་བྱེད་དགོས།
༣། འཛུལ་རྒྱུགས་འགེངས་ཤོག་སྦྲག་ཐོག་གམ་མི་འགྲོ་བརྒྱུད་ནས་བཏང་སྟེ་སྨན་རྩིས་མཐོ་སློབ་ཡིག་ཚང་དུ་འཕྲོད་འབྱོར་མ་བྱུང་སྟེ་ལམ་བར་བོར་བརླག་སོང་རིགས་འདི་ལས་ནས་འགན་ལེན་བྱ་རྒྱུ་མིན།
ཡིག་རྒྱུགས་རིམ་པ་དང་པོའི་གཏོང་ཡུལ་དང་ཟླ་ཚེས།
༡། འཛུལ་རྒྱུགས་གཏོང་ཡུལ་བཞུགས་སྒར་རྡ་སའི་སྨན་རྩིས་མཐོ་སློབ་ཚོགས་ཁང་ཡིན།
༢། སྔོན་འགྲོའི་ཡིག་ཚད་གཏོང་དུས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣ ནས་ཟླ་ ༥ བར་ཡིན།
ཡིག་རྒྱུགས་རིམ་པ་གཉིས་པའི་གཏོང་ཡུལ་དང་ཟླ་ཚེས།
༡། འཛུལ་རྒྱུགས་གཏོང་ཡུལ་བཞུགས་སྒར་རྡ་སའི་སྨན་རྩིས་མཐོ་སློབ་ཚོགས་ཁང་ཡིན།
༢། དངོས་གཞིའི་ཡིག་ཚད་གཏོང་དུས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ དང་ ༢༣ གཉིས་ཡིན།
འབྲེལ་བ་གནང་ཡུལ།
College Secretary
Tibetan Medical & Astro. College
Men-Tsee-Khang, Gangchen Kyishong
Dharamsala – 176215
Distt.Kangra (H.P) INDIA
Email: [email protected] / [email protected]