༢༠༡༦ ཟླ་ ༩ ཚེས་ ༡༣ རེས་གཟའ་མིག་དམར།
༄༅། །བོད་མིའི་དྭང་བླངས་འཕྲོད་བསྟེན་ཚོགས་པའི་ཁྱབ་ཁོངས་སྨན་ཁང་ཁག་གི་ནང་གཉན་ནད་རེག་དུག ཊི་བི། ཚ་བ་འདར་ཚད་ནད་རིགས་བཅས་ཀྱི་ལས་གཞིའི་ ( The Global Fund for AIDS, TB, Malaria ) ཆེད་སྨན་ཞབས་གྲངས་ ༥ དང་ཁྲག་ལུད་དང་གློག་པར་བརྟག་དཔྱད་མཁན་གྲངས་ ༡ གཅིག་བཅས་ལོ་འཁོར་ཆོད་གན་ལས་བྱེད་ངོ་བོར་བསྐོ་གཞག་ཞུ་རྒྱུ་ཡིན་ན། རང་རེའི་སྤྱི་ཚོགས་ཁྲོད་གོང་གསལ་ས་མིག་ཐོག་ཞུགས་འདོད་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་ཐོག་འཚང་སྙན་འབུལ་དགོས།
ཨང་། | ས་མིག | དགོས་ངེས་ཤེས་ཚད། | ས་མིག་གྲངས། | ས་གནས། |
༡ | སྨན་ཞབས། | དམའ་མཐར་( GNM ) སློབ་ཐོན། | ༥ | མོན་གྷོ། སྦེལ་ཀོབ། ཀོ་ལེ་གྷལ། བདེ་སྐྱིད་གླིང༌། མེའོ། |
༢ | ཁྲག་ལུད་དང་གློག་པར་བརྟག་དཔྱད་མཁན། | དམའ་མཐར་( DMLT ) སློབ་ཐོན། | ༡ | མེའོ། |
དགོས་ངེས་ཆ་རྐྱེན་གཞན།
༡། དྭང་བླངས་དཔྱ་དངུལ་ ༢༠༡༦ བར་གཙང་ཕུལ་ཞུས་པའི་ལག་དེབ་ཀྱི་ངོ་བཤུས།
༢། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་འདྲ་པར་ཅན། མཐའ་མ་བཅས་ཀྱི་ངོ་བཤུས།
༣། སྨན་པ་ཚད་ལྡན་ནས་གཟུཌ་གཞི་བདེ་ཐང་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ།
༤། རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་རྒྱུན་དུ་བྱ་སྤྱོད་ཉེས་སྐྱོན་མེད་པའི་ངོས་སྦྱོར།
༥། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་ཆ་མེད་པའི་ངོས་སྦྱོར།
གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་དང་ལས་དམ་སྦྲགས་འཕྲོད་བསྟེན་དྲུང་ཆེའི་མཚན་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༤ ཕྱི་དྲོ་ཚོུད ༥ གོང་འབུལ་དགོས། དོ་བདག་སོ་སོར་འབྲེལ་བ་ཞུ་བདེའི་སླད་ཁ་བྱང་དང༌། གློག་འཕྲིན་ Email ID དེ་བཞིན་ཁ་པར་ཨང་གྲངས་སོགས་འཚང་སྙན་ནང་ཁ་གསལ་བཀོད་དགོས་པ་དང༌། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས། ཆ་རྐྱེན་ཚང་བའི་ཞུ་སྙན་ཕུལ་མཁན་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་ཐག་གཅོད་བྱ་རྒྱུ་ཡིན་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༢ ལ།།
༼འཚང་སྙན་འབུལ་ཡུལ།༽
Secretary,
Department of Health, CTA
Gangchen Kyishong,
Dharamsala 176215
Distt Kangra H.P