ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༡ ཉིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གཉིས་པའི་ཐོག་རྒྱ་གར་གྱི་མེས་པོ་དམ་པ་གྷན་དི་མཆོག་གི་ཡང་ཚ་ཝི་ཝན་ལགས་དང་ཀ་སི་ཊུ་རི་ལགས་རྣམ་གཉིས་ཟུར་ཉན་དུ་ཕེབས་ཡོད།
ཕྱོགས་མཚུངས་ཕྱི་ཚེས་ ༢ ནས་ ༢༣ བར་རྡ་ས་ཁུལ་དུ་འཚམས་གཟིགས་སུ་ཕེབས་པའི་སའོ་པ་ལོ་སྨན་གྱི་མཐོ་སློབ་ཀྱི་ Dr. Marcelo Vilela Machado Joao ལགས་དང་ལྷན་ Dr Wagner Thales Silva ལགས། Dr Yame Fernanda Bonini ལགས། Dr Thomas Luz dos Santos ལགས། Dr Monica Hiromi Hara ལགས། Dr Daniela Hae Chuong ལགས་བཅས་ཀྱང་ཟུར་ཉན་དུ་ཕེབས་ཡོད་པ་བཅས།།