༢༠༡༦ ཟླ་ ༩ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་རྡ་ས་ནས་གྷ་གྷལ་གནམ་ཐང་བརྒྱུད་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༦ ལྡི་ལིར་ས་གནས་གཞུང་དོན་ལས་དོན་ཁག་གྲུབ་རྗེས་དེ་ཉིན་ལྡི་ལི་ནས་འཇར་མན་གྲོང་ཁྱེར་མུ་ནིག་ MUNICH ཏུ་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༧ ཉིན་མུ་ནིག་ནས་སྦར་སེལ་དུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༨ ཉིན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོར་གསུང་བཤད་གནང་རྒྱུ་སོགས་ས་གནས་སུ་གཞུང་འབྲེལ་ལས་དོན་སྤེལ་རྗེས། ཕྱི་ཚེས་ ༡༢ ཉིན་སྦར་སེལ་ནས་ཕེརངྐ་ཕརཊ་ FRANKFURT ཏུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༢ ཉིན་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ལྡི་ལི་ནས་གྷ་གྷལ་བརྒྱུད་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག
སྤྱིར་ཐེངས་འདིར་སྦེལ་འཇམ་རྒྱལ་ས་སྦར་སེལ་དུ་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༨ ནས་ ༡༡ བར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་དབུ་འབྱེད་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།