༢༠༡༦ ཟླ་ ༩ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །བལ་ཡུལ་དུ་ཡོད་པའི་རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་ནང་གཞི་རིམ་གོང་མ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སློབ་ཁྲིད་གནང་མཁན་གྱི་བོད་ཀྱི་སྐད་ཡིག་དགེ་རྒན་གྱི་ས་མིག་གཅིག་ཡོད་ན། གཤམ་གསལ་ཆ་རྐྱེན་རྣམས་ཚང་ཞིང་ལས་གནས་སུ་ཞུགས་བློ་ཡོད་རིགས་ནས་དགོས་མཁོའི་ལག་འཁྱེར་ངོ་བཤུས་དང་སྦྲགས་གཤམ་གསལ་ཞལ་བྱང་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༢༠ འགྱངས་མེད་འཚང་སྙན་འགེངས་ཤོག་ཤེས་རིག་དྲ་རྒྱ་ www.sherig.org/en ནང་ཡོད་པ་ལྟར་འགེངས་འབུལ་ཞུ་དགོས། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་གཙུག་ལག་རབ་འབྱམས་པ་ Master’s Degree དང་དགེ་རྒན་འོས་སྦྱོང་ཐོན་པའི་གྲུབ་འབྲས་ B.Ed. Result གཉིས་བསྡོམས་ཏེ་མཐོ་ཤོས་དེ་འདེམས་སྒྲུག་བྱས་ཏེ་རྣམ་རྒྱལ་མཐོ་རིམ་སློབ་གྲྭའི་འཛིན་སྐྱོང་ལ་ངོས་སྦྱོར་གནང་རྒྱུ་དང་མཐའ་མའི་བསྐོ་གཞག་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་གྲྭའི་འཛིན་སྐྱོང་ནས་གནང་རྒྱུ་ཡིན།
དགོས་ངེས་ཀྱི་ཆ་རྐྱེན།
༡༽ ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ནས་བོད་ཀྱི་སྐད་ཡིག་ཐོག་གཙུག་ལག་རབ་འབྱམས་པ་ Master’s or Acharya Degree ཡང་ན་དེ་དང་མཉམ་པའི་ལག་ཁྱེར་ཐོག་ཉུང་མཐར་བརྒྱ་ཆ་ ༥༠ ལོན་པ།
༢༽ ངོས་འཛིན་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ནས་དགེ་རྒན་འོས་སྦྱོང་ཐོན་པ།
མཐུན་རྐྱེན།
༡༽ ཟླ་རེར་གསོལ་ཕོགས་བལ་སྒོར་ ༣༤༢༡༢།༥༠
༢༽ ཞལ་ལག་དང་ཁང་དོད་ཁེ་པོ།
༣༽ ཆུ་དང་གློག་རིན་མེད་ཐོག་འབུལ་རྒྱུ།
དགོས་མཁོའི་ཡིག་ཆ་ཁག་ངེས་འབུལ་དགོས་པ་གཤམ་གསལ།
༡༽ གོང་འཁོད་ལག་ཁྱེར་ཁག་གཉིས་ཀྱི་ངོ་བཤུས།
༢༽ ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༡ བར་འབུལ་འབབ་གཙང་ཕུལ་ཟིན་པའི་བོད་མིའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།
༣༽ ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གང་རུང་གི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་ནས་ངོ་བཤུས་ཡིག་ཆ་ཁག་དངོས་བདེན་ཡིན་པའི་དག་མཆན་ངེས་པར་དུ་ཞུ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༡ ལ།
Secretary
Department of Education
Central Tibetan Administration
Gangchen Kyishong, Dharamsala – 176215
Distt. Kangra, H.P. INDIA
Email: [email protected]