༢༠༡༦ ཟླ་ ༨ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་༢༠༡༦ ཟླ་ ༨ ཚེས་ ༢༥ རེས་གཟའ་ཕུར་བུའི་ཉིན་གྱི་ཕྱེད་
དེ་རིང་འདིར་བོད་མིའི་སྒྲིག་འཛུ
དེ་རིང་གནད་དོན་ཞུ་རྒྱུའི་ཐོག་
སྔོན་འགྲོའི་བཀའ་ཆོས་གཙོ་བོ་སྤྱོད་འཇུག་ཆེན་མོ་དང་སྒོམ་རིམ་བར་པ
གོ་སྒྲིག་ལས་དོན་ལ་མཚོན་ན་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༥ ནས་བཟུང་ད་བར་གོ་སྒྲིག་ལས་དོན་འ
དེར་བརྟེན་སྲུང་སྐྱོབ་དང་བདེ་འཇགས་ཐོག་ང་ཚོས་སྔར་ལྷག་གོ་སྒྲིག་གཟབ་རྒྱས་ཞུ་རྒྱུ་ཡིན། གྲ་སྒྲིག་ལས་དོན་གཙོ་ཆེ་བ་ཁག་གཅིག་ཆོས་ཞུ་བའི་མི་མང་ལ་མཐུན་རྐྱེན་སྦྱོར་རྒྱུ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་གང་དུ་སྩལ་ཡང་ཐུགས་ཁྲལ་དེ་ཆོས་ཞུ་མཁན་ཚོའི་སྡོད་ས་དང་ཟ་ཆས། འཕྲོད་བསྟེན་དང་མདོར་ན་གསང་སྤྱོད་ཚུན་ཆད་གྲ་སྒྲིག་གང་འདྲ་ཡོད་མེད་ཐུགས་བརྩེ་ཆེན་པོས་བཀའ་རྩད་མཛད་སྲོལ་སྔ་མོ་ནས་ཡོད། དེར་བརྟེན་མང་ཚོགས་ལ་ཞབས་ཕྱི་ཞུ་རྒྱུ་འདི་ང་ཚོས་ཧ་ཅང་གལ་ཆེ་བའི་བྱེད་སྒོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་མ་ཟད། བླ་མར་ཞབས་ཞུ་རྣམ་དག་ཅིག་ཞུ་དགོས་ན་བླ་མའི་བཀའ་སྒྲུབ་དགོས། དེར་བརྟེན་ང་ཚོས་ཐུབ་མིན་ལ་མ་ལྟོས་པར་མདོར་ན་བཞུགས་ས་དང་གསང་སྤྱོད་ཙམ་མ་ཟད། གསང་སྤྱོད་གཙང་མ་བཟོ་མཁན་ཡན་ཆོད་ཀྱི་ཆ་རྐྱེན་ཞིག་ཐབས་ཤེས་སྔ་མོ་ནས་ཞུ་བཞིན་ཡོད།
གལ་ཆེ་བ་གཅིག་བཀའ་ཤག་སྐབས་སྔ་མའི་སྐབས་ཐུགས་ཐག་བཅད་པ་རེད། དེ་རིང་འདིར་ཁྱད་ཆོས་གཅིག་གང་ཡོད་བརྗོད་ན། དཔལ་ལྡན་སྲིད་སྐྱོང་མཆོག་ནས་དེ་སྔ་དུས་འཁོར་དབང་ཆེན་སྩལ་ཆེད་གསོལ་འདེབས་ཞུ་སྐབས་མགོན་པོ་གང་ཉིད་མཆོག་དམིགས་བསལ་ཐུགས་དགྱེས་ཚོར་མཛད་པའི་གནས་སྟངས་གཅིག་ཡོད། འདི་གང་ཡིན་བརྗོད་ན། དུས་འཁོར་དབང་ཆེན་སྐབས་ལྟ་བུ་འགྲོ་སོང་ཆེན་པོ་དང་སྡོད་ས་ཁག་པོ་ཡོད་སྟབས་མི་མང་ཉམ་ཐག་མང་པོ་ཞིག་བཅར་འདོད་ཡོད་ཀྱང་བཅར་མ་ཐུབ་པའི་གནས་སྟངས་ཡོང་བཞིན་ཡོད། དེར་བརྟེན་ཐེངས་འདིར་བོད་མིའི་སྒྲིག་འཛུགས་རང་གིས་སྦྱིན་བདག་དང་གོ་སྒྲིག་མཐུན་འགྱུར་ཞུས་ནས་ནང་ཤེས་འཕྲོད་གསུམ་དང་འབྲེལ་བ་ཡོད་མཁན། དཔེར་ན་རྒས་གཅོང་དང་། ཤེས་རིག་ཁོངས་ནས་སློབ་མ་ད་ཕྲུག་ལྟ་བུ་ཕ་མ་འཁྲིས་ལ་མེད་མཁན་གྱི་སློབ་ཕྲུག་ཁག་གཅིག དཔེར་ན་མཐའ་མཚམས་ནས་ཡིན་པ་ཊུ་ཊིང་ལ་སོགས་པ་དེ་འདྲའི་ཕྲུ་གུ་ཧ་ཅང་མང་པོ་ཞིག་ལ་ཤེས་རིག་ནས་ཕ་མ་ལྟར་བྱས་ནས་གུང་སེང་ལའང་འཁྲིད་པ་སོགས་ད་བར་གནང་བཞིན་ཡོད། དེ་བཞིན་ནང་སྲིད་ཁྱབ་ཁོངས་སུ་ཉམ་ཐག་དང་རྒས་འཁོགས། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་ལ་གཞོན་སྐྱེས་ནད་མནར་རིགས་གཅིག་སེམས་ནང་ཆོས་ཞུ་འདོད་ཡོད་ཀྱང་དཔལ་འབྱོར་གྱི་གནས་སྟངས་ཞན་པོ་ཡོད་མཁན། ཆོས་རིག་ལས་ཁུངས་ཐོག་ནས་མཚམས་བསྙེན་སྒྲུབ་ལ་བཞུགས་མཁན་གྲྭ་བཙུན་སྔགས་གསུམ་དེ་འདྲའི་ཁོངས་ནས་གལ་ཏེ་དུས་འཁོར་དབང་ཆེན་ལ་བཅར་འདོད་ཡོད་ན་ལས་ཁུངས་སོ་སོའི་ཁོངས་ནས་ཐོ་བསྡུས་ནས། ཁོང་ཚོ་དེ་དག་མར་འཁྲིད་གནང་ཡག་དང་བཞུགས་ས་གྲ་སྒྲིག་བྱ་རྒྱུ། མདོར་ན་ཞལ་ལག་ཚུན་གྲ་སྒྲིག་བྱ་རྒྱུ། འགྲུལ་བཞུད་སོགས་གྲ་སྒྲིག་བྱ་རྒྱུ། འཁྲིད་མི་དགོས་པར་སོ་སོས་ཕེབས་ཐུབ་ཀྱི་ཡོད་ཚེ་འགྲོ་སོང་འབུལ་རྒྱུ་བཅས་ཀྱི་གྲ་སྒྲིག་འགྲོ་བཞིན་ཡོད། དེ་ལྟར་༸གོང་ས་མཆོག་ལ་སྙན་སེང་ཞུ་སྐབས་ཐུགས་ཧ་ཅང་དགྱེས་ཚོར་མཛད་པ་བྱུང་ཡོད་སྟབས་ང་ཚོས་གནད་ལ་སྨིན་པ་ཞིག་ཡོང་རྒྱུར་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ཡིན།
ཡང་གོང་གི་ཉམ་ཐག་ཁོངས་སུ་མ་གཏོགས་ཀྱང་འགའ་རས་ཕ་མ་རྒས་འཁོགས་རྣམས་ཨུ་ཚུགས་བརྒྱབ་ནས་འཁྲིད་ཡོང་སྐབས་མི་ཚོགས་ཧ་ཅང་ཆེ་བས་སྐབས་རེ་མི་ཤི་སྐྱོན་ཆག་རིགས་ཡོང་བཞིན་ཡོད། འདས་གྲོངས་རིགས་ཡོང་སྐབས་སྨོན་ལམ་གསུང་མཁན་དགེ་འདུན་གདན་འདྲེན་ཞུ་རྒྱུ་དང་ཕུང་པོ་སྲེག་སྦྱོར་ཆེད་སྣུམ་དང་། ཤིང་གྲ་སྒྲིག་བཅས་ལ་སྐུ་ངལ་ཧ་ཅང་ཡོད་སྟབས། ཐེངས་འདིར་དང་བླངས་ཐོག་ཞབས་ཞུ་བ་ཡོད་མིན་ལ་མ་ལྟོས་པར་གྲ་སྒྲིག་ཚང་མ་བོད་མིའི་སྒྲིག་འཛུགས་གོ་སྒྲིག་ཚོགས་ཆུང་གིས་ཞུ་རྒྱུ་ཡིན། ཞེས་གསལ་བཤད་གནང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་།
སྐབས་དེར་དུས་འཁོར་དབང་ཆེན་ཆོས་ཞུར་བཅར་མཁན་དེབ་སྐྱེལ་བྱེད་མཁན་ཇི་ཙམ་བྱུང་བ་སོགས་ཀྱི་སྐོར་འདྲི་སྐབས་བདེ་སྲུང་བཀའ་བློན་མཆོག་གིས་ལན་འདེབས་གནང་དོན། དུས་རྒྱུན་དེབ་སྐྱེལ་བྱ་རྒྱུ་དེ་བདེ་སྲུང་ལས་ཁུངས་ཀྱིས་འགན་འཁྱེར་བཞིན་ཡོད། ཐེངས་འདིའི་དུས་དབང་ཆེད་དེབ་སྐྱེལ་བྱ་རྒྱུ་འདི་འདི་ལོའི་ཕྱི་ཟླ་ ༨ ཟླ་འགོ་ནས་འགོ་བཙུགས་པ་དང་། དེབ་སྐྱེལ་བྱེད་ཡུལ་གཙོ་བོ་གྲྭ་བཙུན་རྣམ་པ་དང་ཧི་མཱ་ལ་ཡའི་རི་རྒྱུས་ཀྱི་མི་མང་། རྒྱ་གར་བ། ཕྱི་རྒྱལ་ནས་ཡོང་བའི་མི་མང་། ལུས་པོ་བདེ་ཐང་མེད་པ་དང་རྒས་འཁོགས་ཚོར་དམིགས་ནས་ཕལ་ཆེར་མི་ཁྲི་གཉིས་ཡན་ཆོད། གཙོ་བོ་ཆོས་ཞུ་སྐབས་བཞུགས་ཁྲིའི་ཉེ་འགྲམ་དང་གཡས་གཡོན་བཅས་ལ་འཇོག་རྒྱུར་དམིགས་ནས་རེད། གཞན་བོད་མི་སྐྱ་བོ་བྱིངས་ཚོས་དེབ་སྐྱེལ་བྱེད་མི་དགོས། དེབ་སྐྱེལ་བྱེད་ས་དེ་ ༢༠༡༧ ལོའི་དུས་དབང་དྲ་རྒྱ་ཞིག་ཡོད། གཞན་བདེ་སྲུང་ཡན་ལག་ལ་དེབ་སྐྱེལ་གནང་ཆོག ལྷག་པར་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡༢ ཚེས་ ༡༥ ནས་འདི་གའི་ལས་བྱེད་ཆེད་མངགས་རྡོ་རྗེ་གདན་དུ་ཕྱིན་ནས་དེབ་སྐྱེལ་བྱ་རྒྱུ་རེད། ཅེས་གསལ་བཤད་གནང་།
གཞན་ཡང་ཆོས་རིག་བཀའ་བློན་མཆོག་གིས་སྡོད་གུར་ཆེད་མངའ་སྡེའི་གཞུང་ལ་ཧིན་སྒོར་འབུམ་བཞི་ཙམ་འཆར་རྩིས་གནང་རོགས་ཞུས་ཡོད་སྐོར་དང་། སྡོད་གུར་གྲངས་ ༡༥༠༠ ནས་ ༢༠༠༠ བར་སྔོན་ལ་གཏན་འབེབས་བྱས། གལ་ཏེ་ཕྱིས་སུ་དགོས་མཁོ་བྱུང་མཚམས་གསར་རྒྱག་ཆེད་གྲ་སྒྲིག་ཡོད་སྐོར་དང་། སྡོད་གུར་གཅིག་ནང་མི་གྲངས་ ༨ ཤོང་རྒྱུ་ཡིན་པ། དེ་ལྟར་བྱས་ན་སྡོད་གུར་ ༡༥༠༠ ནས་ ༢༠༠༠ བར་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་གསུངས་པ་མ་ཟད། བོད་ནས་ཆོས་ཞུར་བཅར་མཁན་ཚོར་རྒྱུན་ལྡན་དུས་དབང་གོ་སྒྲིག་ཞུ་སྐབས་བདེ་སྲུང་ཁྱབ་ཁོངས་སྣེ་ལེན་འབྲེལ་མཐུད་ཁང་གིས་གོ་སྒྲིག་ཆ་ཚང་ཞུས་པ་ལྟར་ཐེངས་འདིར་ཡང་དེ་མཚུངས་ཞུ་རྒྱུ་རེད། འོན་ཀྱང་ཁོང་རྣམས་ཕྱིར་བོད་དུ་ལོག་ཕེབས་སྐབས་འཇུ་བཟུང་བྱས་པར་བརྟེན་དཀའ་ངལ་ཧ་ཅང་འཕྲད་པ་དེ་འདྲ་ཧ་ཅང་མང་པོ་བྱུང་ཡོད། དེར་བརྟེན་གོ་སྒྲིག་ཚོགས་ཆུང་ངོས་ནས་གོ་བསྡུར་མང་པོ་བྱུང་ཡོད་ཀྱང་རྒྱལ་ཁབ་གཉིས་གསུམ་གྱི་ཁྲིམས་དང་འབྲེལ་བ་ཆགས་ཡོད་སྟབས། དཀའ་ངལ་རང་བཞིན་ཡིན་ཡང་དཀའ་ངལ་དེ་དག་མ་འཕྲད་པའི་དོན་དུ་བལ་ཡུལ་ནས་བྱེད་དགོས་པ་གང་འདུག རྒྱ་གར་ནས་བྱེད་དགོས་པ་གང་འདུག བདེ་སྲུང་ལས་ཁུངས་ནས་བྱེད་དགོས་པ་གང་འདུག་དེ་དག་ཐོག་ལ་བསམ་བློ་གཏོང་བཞིན་ཡོད། ལྷག་པར་རྡོ་རྗེ་གདན་དུ་བཞུགས་རིང་གནས་སྐོར་སོགས་ལ་ཕེབས་རྒྱུའི་དཀའ་ངལ་རིགས་དང་། མི་ངན་སོགས་ཀྱི་མགོ་སྐོར་སླུ་འདྲིད་བྱས་པ་སོགས་ཡོང་བཞིན་ཡོད་སྟབས་རོགས་རམ་བྱེད་མཁན་དང་བླངས་ཞབས་ཞུ་བ་གཞོན་ནུ་ཁག་གཅིག་ཡོད་ཅེས་ཞུ་རྒྱུ་ཡིན། ཞེས་གསུངས།།