༢༠༡༦ ཟླ་ ༨ ཚེས་ ༢༦ རེས་གཟའ་པ་སངས།
༄༅།། མཚུངས་མེད་ལྷོ་སྤྱི་དང་ལ་སྤྱི་གཙོས་པའི་ས་གནས་འགོ་འཛིན་ལྷན་རྒྱས་མཆོག་ལ།
ཆེད་ཞུ། ལམ་ཙམ་དགོངས་པའི་མངའ་གསལ། བོད་མིའི་སྒྲིག་འཛུགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༣ ནས་ཚེས་ ༡༤ བར་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་བསྩལ་རྒྱུའི་བཀའ་བཟང་ཐོབ་པ་ལྟར། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་ནས་མི་མང་བཞུགས་གནས་དབུ་གུར་གྲ་སྒྲིག་ཞུ་བྱའི་ལས་དོན་ཆེད་དུ་དབུ་གུར་གྲ་སྒྲིག་ཚོགས་ཆུང་ཞིག་ཟུར་འཛུགས་གནང་དོན་ལྟར། དབུ་གུར་གྲ་སྒྲིག་ཚོགས་ཆུང་ནས་ཆོས་ཞུ་བ་རྣམས་ཀྱི་བཞུགས་གནས་ཆེད་ཟུར་སྦྱར་དབུ་གུར་དང་ཤིང་ཁང་ PLYWOOD ROOM རྣམ་གྲངས་མི་འདྲ་བ་ཁག་བཞི་སྤུས་མངགས་གོ་སྒྲིག་བྱ་རྒྱུ་ཡིན་པར་ཅི་སྟེ་ཆར་པ་ཤུགས་ཆེ་འབབ་ཚེ་ཤིང་ཁང་ཕུད་དབུ་གུར་གཞན་རྣམས་ཆར་ཆུ་དེ་ཙམ་འཚོག་མི་ཐུབ་པ་མངོན་གྱི་འདུག དེ་གའི་ཁྱབ་ཁོངས་མང་ཚོགས་ལ་གསལ་བསྒྲགས་རྒྱ་ཆེ་དང་འཐུས་ནན་ཞུ་གནང་ཡོང་བ་དང་འབྲེལ་དབུ་གུར་དང་ཤིང་ཁང་གང་ཞིག་སྤུས་མངགས་གནང་འདུན་ཡོད་རིགས་ཟུར་སྦྱར་དབུ་གུར་དང་ཤིང་ཁང་རྣམ་གྲངས་སོ་སོའི་གླ་ཡོན་ས་གནས་འགོ་འཛིན་ལས་ཁང་ནས་བསྡུ་བཞེས་ཀྱིས་ཐོ་གཞུང་འདི་ག་དུས་དབང་དབུ་གུར་གོ་སྒྲིག་ཚོགས་ཆུང་ལ་ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༡༠ འགྱངས་མེད་འབུལ་གཏོང་ཐུབ་པ་གནང་དགོས་དང༌། དབུ་གུར་སྤུས་མངགས་གནང་མཁན་སོ་སོའི་དབུ་གུར་གྱི་ཨང་རྟགས་ TENT NUMBER རྗེས་སུ་དེ་ནས་ཐོ་གཞུང་འབྱོར་མཚམས་ས་གནས་འགོ་འཛིན་ལས་ཁང་བརྒྱུད་དོ་བདག་སོ་སོར་གཏོང་རྒྱུ་ཡིན་པས་ཨང་རྟགས་གཞིར་བཟུང་སྡོད་གུར་བགོ་འགྲེམས་བྱ་རྒྱུ་ཡིན། གུར་གླའི་དངུལ་འབབ་སྔ་འཕྲོས་ས་གནས་འགོ་འཛིན་ལས་ཁུངས་སོ་སོར་བདག་ཉར་ཐོག་འདི་ལས་སུ་གཏོང་ཕྱོགས་རྗེས་སུ་ས་གནས་འགོ་འཛིན་སོ་སོར་ལམ་སྟོན་ཡོང་རྒྱུ། ཧི་མཱ་ལ་ཡའི་རི་རྒྱུད་མི་རིགས་རྣམས་ཐག་ཉེའི་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་རྣམས་ལ་མངགས་འཐུས་ཡོང་བ་ཞུ་རྒྱུ་བཅས་དེ་དོན་དགོངས་འཇགས་ཞུ། དུས་འཁོར་དབང་ཆེན་ཐེངས་སོ་བཞི་པའི་དབུ་གུར་གྲ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༤ ལ།།
དབུ་གུར་རྣམ་གྲངས་ཚད་གཞི་དང་གླ་ཡོན་རེའུ་མིག
ཨང་། | དབུ་གུར་རྣམ་གྲངས། | ཚད་གཞི། | ཤོང་ཚད། | གུར་གླ། | བོད་མིའི་སྒྲིག་འཛུགས་ནས་རོགས་སྐྱོར་ཞུ་རྒྱུ། | མི་མང་ནས་དངོས་སུ་བསྡུ་བཞེས་དགོས་པའི་གུར་གླ། |
༡ | E.P. Tent | དཀྱུས་ལ་ཕི་ཌི་ ༡༨ ཞེང་ལ་ཕི་ཌི་ ༡༨ |
མི་གྲངས་ ༨ སྐོར་ལ་རན་འཚམས་འདུག | སྒོར། ༥༥༥༠།༠༠ | བརྒྱ་ཆ་ ༥༠% ༢༧༧༥།༠༠ | སྒོར། ༢༧༧༥།༠༠ |
༢ | Dormitory Tent | དཀྱུས་ལ་ཕི་ཌི་ ༥༠ ཞེང་ལ་ཕི་ཌི་ ༡༨ | མི་གྲངས་ ༣༠ སྐོར་ལ་རན་འཚམས་འདུག | སྒོར། ༡༧༥༤༠།༠༠ | བརྒྱ་ཆ་ ༢༥% ༤༣༨༥།༠༠ | སྒོར་ ༡༣༡༥༥།༠༠ |
༣ | Swiss Cottage Tent | མདོ་ཕུག ༣ ཡོད། | མི་གྲངས་ ༤ ལ་རན་འཚམས་འདུག | སྒོར། ༡༥༥༢༥།༠༠ | བརྒྱ་ཆ་ ༢༥% ༣༨༨༠།༠༠ | སྒོར། ༡༡༦༤༦།༠༠ |
༤ | PLY-WOOD ROOM | དཀྱུས་ལ་ཕི་ཌི་ ༡༢ ཞེང་ཕི་ཌི་ ༡༢ |
མི་གྲངས་ ༦ སྐོར་ལ་རན་འཚམས་འདུག | སྒོར༌
༢༣༠༠༠།༠༠ |
བརྒྱ་ཆ་ ༢༥% ༥༧༥༠།༠༠ | སྒོར། ༡༧༢༥༠།༠༠ |
1) EP (18′ x 18′) with floor agro net, electricity lighting, mobile charging point
2) Dormitory (18′ x 50′) with floor agro net, electricity lighting, mobile charging point
3) Swiss cottage with 2 beds, mattress & pillows, 1 table, 2 chairs & electricity
lighting mobile charging point
4) Plywood Room with wooden floor, rain proof GI sheet roof, door lock facility
electricity lighting, mobile charging point.
དབུ་གུར་སྤུས་མངགས་ཇི་བྱུང་གི་ཐོ་གཞུང་གཤམ་གསལ་ཁ་བྱང་ཐོག་འབུལ་གཏོང་ཡོང་བ་ཞུ།
MR. KARMA SINGEY (PRESIDENT)
KALACHAKRA TENT COMMITTEE,
C/O DEPARTMENT OF HOME – CTA
DHARAMSALA – 176215
DISTRICT KANGRA
HIMACHAL PRADESH, INDIA
Email: [email protected]
Mobile: +91 9805864217, +9805816273, +7807013908