༢༠༡༦ ཟླ་ ༨ ཚེས་ ༢༩ རེས་གཟའ་ཟླ་བ།
༄༅། །ཨི་ཊ་ལིའི་རྒྱལ་ས་རོམ་གྱི་ཉེ་འགྲམ་གྱི་མངའ་ཁུལ་དུ་ས་ཡོམ་ཤུགས་ཆེ་བརྒྱབ་པར་བརྟེན། ཨ་མ་ཊི་ཆེ་གྲོང་གསེབ་ཀྱི་ཡུལ་མི་ ༣༠༠ ཙམ་གོད་ཆག་འོག་འདས་གྲོངས་སུ་གྱུར་བ་མ་ཟད། མང་པོ་ཞིག་ལ་རྨས་རྐྱོན་ཚབས་ཆེ་བཟོས་པ་དང་། སྡོད་ཁང་སོགས་ཞིག་རལ་དུ་སོང་བར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་སྲིད་བློན་སྐུ་ཞབས་མེ་ཐིིའོ་རེན་ཛི་ Matteo Renzi མཆོག་བརྒྱུད་གོད་ཆག་འོག་རྐྱེན་ལམ་དུ་ཤོར་བ་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེའི་ཐུགས་གསོ་མཛད་པ་དང་སྦྲགས། ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ངལ་སེལ་རོགས་སྐྱོར་ཆེད་ཞལ་འདེབས་གསོལ་སྩལ་མཛད་འདུག །