༢༠༡༦ ཟླ་ ༨ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་དབུས་གཞུང་གི་ན་གཞོན་རྩེད་རིགས་ལས་དོན་ལྷན་ཁང་གི་ Minister of Youth Affairs and Sports བློན་ཆེན་ཝི་ཇཡཱ་གྷོ་ཡལ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན།
ཉེ་ཆར་ཕྱི་ལོ་ ༢༠༡༦ ལོའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་སྡུར་སྐབས་རྒྱ་གར་གྱི་བུད་མེད་རྩེད་འགྲན་པ་པི་ལྦི་སིནྡུ་ Ms. P.V. Sindhu ལགས་དང་། སག་ཤི་མ་ལིག Ms. Sakshi Malik ལགས། དྷི་པ་ཀརྨ་ཀར་ Ms. Dipa Karmakar ལགས་བཅས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་གར་བུད་མེད་ཀྱི་ནུས་རྩལ་བཏོན་ཏེ་རྒྱ་གར་ཡུལ་མི་རྣམས་དགའ་སྤོབས་སྐྱེས་དགོས་པ་བཟོས་ཡོད་སྟབས། སྐབས་ ༡༦ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་། དེ་བཞིན་ཁོང་རྣམ་པའི་དགེ་རྒན་པི་གྷོ་པི་ཅནྡ་ P. Gopichand ལགས་དང་། ཤྱམ་བྷུ་རྡ་ཀི་Mr. Shyam Budaki ལགས། བྷི་ཤ་ཝེ་ཤ་ཝར་ནན་དི་Mr. Bishweshwar Nandi ལགས་བཅས་ཀྱིས་འབད་བརྩོན་གནང་བའི་གྲུབ་འབྲས་ཤིག་ཀྱང་ཡིན་སྟབས་ཁོང་རྣམས་ལའང་བསྔགས་བརྗོད་ཞུ་རྒྱུ་མ་ཟད།ཐེངས་འདིར་རྒྱ་གར་གྱི་རྩེད་འགྲན་པ་གང་མང་མཉམ་ཞུགས་གནང་ཐུབ་ཡོད་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།
འབྱུང་འགྱུར་ཨོ་རྩེད་འགྲན་སྡུར་ཙམ་མ་ཟད། རྒྱལ་སྤྱིའི་རྩེད་འགྲན་གཞན་གྱི་ནང་དུའང་རྒྱ་གར་གྱི་རྩེད་འགྲན་པ་སྔར་ལས་ལྷག་པ་མཉམ་ཞུགས་གནང་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་ཡོང་རྒྱུར་ང་ཚོས་ཡིད་ཆེས་ཞུ་བཞིན་ཡོད། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་ཆེད་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་བ་དང་སྦྲགས་འབྱུང་འགྱུར་ཡང་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག །
མ་ཡིག་ངོ་མ་ཨིན་ཡིག་ཐོག་ཡོད་པས་དེར་རྩ་འཛིན་ཡོང་བ་ཞུ།།