༢༠༡༦ ཟླ་ ༧ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །ཤེས་རིག་ཤེས་ཡོན་ལྷན་ཚོགས་སྤྱི་ཁྱབ་ཡིག་ཚང་གིས་གོ་སྒྲིག་འོག བཞུགས་སྒར་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཐབ་ཁང་གི་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་རྩོམ་སྒྲིག་པ་རྣམས་ལ། ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༢༦ ནས་ ༢༨ བར་ཉིན་གྲངས་གསུམ་རིང་རྒྱ་གར་དབུས་ཤེས་ཡོན་ལྷན་ཚོགས་ཀྱི་ཨང་རྩིས་དང་ཚན་རིག་སྡེ་ཚན་གྱི་སློབ་དཔོན་ཌོག་ཊར་ག་གན་གུཔྟ་(Dr.Gagan Gupta) ལགས་ཀྱིས་སློབ་དེབ་རྩོམ་སྒྲིག་གནང་ཕྱོགས་དང་པར་སྐྲུན། བསླབ་གཞི་རྩ་འཛིན་བཟོ་འགོད་གནང་ཕྱོགས་སྐོར་ལ་ཟབ་སྦྱོང་གནང་བཞིན་འདུག
ཕྱི་ཚེས་ ༢༨ ཉིན་རྡ་ས་མངའ་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་གི་ཨང་རྩིས་དང་ཚན་རིག་དགེ་རྒན་རྣམས་ལ་ཨང་རྩིས་དང་ཚན་རིག་ཁྲིད་ཐབས་སྐོར་ཚོགས་ཐེངས་གཉིས་གནང་གཏན་འཁེལ་ཡོད་པ་བཅས།།