ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༤ ནས་ ༡༤ བར་གྲོང་ཁྱེར་པ་ཊ་ཎ་དང་། གནས་མཆོག་རྡོ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ གོ་སྒྲིག་ལས་དོན་ཆེད་མངའ་སྡེ་དང་། ས་གནས་ཀྱི་དཔོན་རིགས་ཁག་མཇལ་འཕྲད་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།
དེ་ཡང་དུས་དབང་ཐེངས་ ༣༤ པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༤ ནས་ཚེས་ ༡༤ བར་གནས་མཆོག་རྡོ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ལས་དོན་ཆེད་གྲོང་ཁྱེར་པ་ཊ་ཎ་དང་། གྷ་ཡ་གཉིས་སུ་མངའ་སྡེ་བློན་ཆེན་དང་འབྲེལ་ཡོད་དཔོན་རིགས་ཁག་མཇལ་འཕྲད་དང་། གཞན་ཡང་ཤེ་ལོང་དུ་ Shri Aurobindo Institute of Indian Culture & Asian Confluence (AIICAC) དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མས་ Core Group for Tibetan Cause གོ་སྒྲིག་དང་ཤི་ལོང་ས་གནས་འགོ་འཛིན་ལས་ཁང་དང་། འཕགས་བོད་འབྲེལ་མཐུད་ལས་ཁང་བཅས་ཀྱི་མཐུན་འགྱུར་འོག་ཕྱི་ཚེས་ ༦ ཉིན་ཤི་ལོང་གྲོང་ཁྱེར་དུ་འཛམ་གླིང་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག། བོད་མིའི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དགའ་སྟོན་གྱི་མཛད་སྒོར་དཔལ་ལྡན་སྲིད་སྐྱོང་གི་སྐུ་ཚབ་ཏུ་འཕྲོད་བསྟེན་བཀའ་བློན་མཆོག་མཛད་སྒོར་ཆེད་བཅར་ཞུ་རྒྱུ་དང་། དེ་ཉིན་འཁྲུངས་སྐར་མཛད་སྒོར་ Shri.A.L.Heck, Honorable Minister, P H E, Health & Family Welfare, Government of Meghalya, Shillong, Dr.Kuldeep Chand Agnihotri, Vice Chancellor, Central University, Dharamshala, Himachal Pradesh, Shri.Harjeet Singh Garewal, Chairman, Khadi and Village Industries Board, Government of Punjab, Shri.Vincent Pala, Member of Parliament, Lok Sabha, Shillong, Meghalaya བཅས་སྐུ་མགྲོན་དུ་ཕེབས་གཏན་འཁེལ་བ་བཅས།།