༢༠༡༦ ཟླ་ ༧ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༡ ནས་ ༢༠ བར་ཉིན་གྲངས་བཅུའི་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་མཐུན་འགྱུར་གོ་སྒྲིག་འོག རྒྱ་གར་མ་ཧཱ་རཱཤཀྲ་ Maharashtra མངའ་སྡེའི་གྲོང་ཁྱེར་འཇམ་ཁེ་དིའི་ Jamkhed ནང་རྒྱ་གར་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གི་སྨན་ཞབས་པ་དང་འཕྲོད་ལས་པ་ཁྱོན་མི་གྲངས་ ༡༩ ལ་གཞིས་ཆགས་ཁག་གི་ནང་འཕྲོད་བསྟེན་གོ་རྟོགས་སྤེལ་ཐབས་ཀྱི་ཟབ་སྦྱོང་ཞིག་གནང་འདུག
དེ་ཡང་ཟབ་སྦྱོང་དེའི་དམིགས་ཡུལ་གཙོ་བོ་ནི། ད་ཡོད་འཕྲོད་བསྟེན་དང་འབྲེལ་བའི་ལས་བྱེད་པ་རྣམས་ཀྱིས་ཤེས་ཚད་དང་ནུས་པ་གོང་སྤེལ་གཏོང་རྒྱུ་མ་ཟད། བུད་མེད་ཕྲུ་གུ་བཙའ་སྐབས་དང་བྱིས་པར་ལྟ་སྐྱོང་བྱེད་ཕྱོགས།
དེ་བཞིན་འཕྲོད་བསྟེན་གྱི་ཤེས་ཡོན་གོང་སྤེལ་བཏང་བ་བརྒྱུད་མང་ཚོགས་ལ་འཕྲོད་བསྟེན་གྱི་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐབས་ཆེད་ཡིན་འདུག